དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཞིང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་དྭངས་གཙང་དང་མཛེས་སྒྱུར་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་པ།

2025-10-27 16:22:04   |   146

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས23ཉིན། ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ལས་ཤེས་གསལ་ལྟར་ན། ད་ལོར་མཚོ་བྱང་ཁུལ་མདའ་བཞི་རྫོང་གིས“མཁར་གྲོང་གཅིག་ལས་ལྔ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས”འཕེལ་རྒྱས་ཀྱི་རྣམ་པར་དམ་པོར་དམིགས་ནས། གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འགག་རྩ་རུ་བརྩིས་ཏེ། ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་གི་རྣམ་པ་དེ“གནས་གཅིག་དྭངས་གཙང་ཡིན་པ”ནས“ས་ཁུལ་གཅིག་དྭངས་གཙང་ཆགས་པ”ཡང་ན“གནས་སྐབས་རིང་དྭངས་གཙང་ཡིན་པ”ནས“ཡུན་རིང་དྭངས་གཙང་ཆགས་པའི”ཐད་འགྱུར་བ་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།      

མདའ་བཞི་རྫོང་གིས“དྭངས་གཙང་དྲུག་གི་མདའ་བཞི”དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་ཚད་གཞིར་དམིགས་ནས། ལྗོངས་ཁུལ་དང་དེའི་མཐའ་འཁོར་གཙོ་གནད་དུ་བཟུང་སྟེ། རྫོང་ཡོངས་ཀྱི་གྲོང་རྡལ་ཁག་གི་སྡེ་བའི་ལམ་རྒྱུད་དང་ཆུ་ལམ། ཁང་པའི་མདུན་རྒྱབ། མི་མང་འདུ་འཛོམ་བྱ་ཡུལ་བཅས་ལ་དྲ་འཐེན་རྣམ་པས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བཅོས་སྐྱོང་བྱེད་སྟངས་ཁོར་ཡུག་གི་གྲུ་ཟུར་རེ་རེར་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད། “གཟའ་པ་སངས”ཀྱི་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར”གྱི་ལམ་སྲོལ་བྱ་ཐབས་བཙུགས་ནས་ཁོར་ཡུག་བཅོས་སྐྱོང་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།   

མདའ་བཞི་རྫོང་གིས་དྲིལ་སྒྲོག་དང་གསོ་སྦྱོང་གཉིས་ཀར་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཡིག་ཆ་ཨང་དང་པོ”དྲིལ་སྒྲོག་དང་སྲིད་ཇུས་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་ཐེངས10ལྷག་སྤེལ་བའམ་མང་ཚོགས་དང་གཙང་སྦྲ་བྱེད་མཁན་མི་ཐེངས500ལ་ཁྱབ་ཡོད།  《ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལས་དོན་གྲོས་འགོ་ཡི་གེ》འགྲེམས་སྤེལ་དང་།  ཁྱིམ་ཚང་དུ་དྲིལ་སྒྲོག་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྐུལ་སློང་བྱས་ཏེ།  རིམ་རྩིས་ཁྲོད་དྲིལ་སྒྲོག་དངོས་རྫས2000ལྷག་འགྲེམས་སྤེལ་བྱས་ཏེ། “མི་ཚང་མས་ཁོར་ཡུག་ལ་གཅེས་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་དུ་སྐྲུན་པའི”རྣམ་པ་བཟང་པོ་བསྐྲུན་ཡོད།  

དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་གཙང་སྦྲ་བྱེད་མཁན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་ཤུབས་དང་འོད་ལྡོག་རྔུལ་མ། ཉི་འགོག་ཞྭ་མོ་སོགས་ངལ་རྩོལ་འགན་སྲུང་དངོས་ཟོག120སྤྲད་པ་དང་། རྒྱུན་ལྡན་གྱི་དོ་དམ་དང་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། “སྡེ་ཁག་མཉམ་འགུལ་དང་མང་ཚོགས་ཞུགས་པ། ཆེད་ལས་གཙང་སྦྲ་དང་སྡེ་མི་རང་སྐྱོང་བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་ལམ་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་། མང་ཚོགས་ཀྱིས་ཁང་པའི་མདུན་རྒྱབ་ཕྱོགས་སུ“ལྗང་འགྱུར་བྱེད་པ”དང་། སྡོང་བོ་འཚམ་སར་སྡོང་བོ་འཛུགས་པ་དང་རྩྭ་ལ་འཚམ་སར་རྩྭ་འདེབས་འཛུགས་བྱས་ཏེ། གྲུ་ཟུར་རེ་རེའི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་སྡེ་མིའི་རང་སྐྱོང་ཆུ་ཚད་མཐོར་འདེགས་བཏང་ཡོད། 

 མདའ་བཞི་རྫོང་གིས་དམངས་འཚོའི“བདེ་སྐྱིད་ཕྲ་མོ”མཐོ་རུ་གཏོང་རྒྱུར་དམིགས་ཏེ། སྤྱི་པའི་ཞབས་ཞུའི་འགག་རྩའི་དོན་ཆུང་སྒྲུབ་པར་ཤུགས་བརྒྱབ་སྟེ། སྤྱི་སྤྱོད་གསང་སྤྱོད་དོ་དམ་སྲུང་སྐྱོང་གི་དཀའ་གནད་ལ་དམིགས་ནས། ལྟེ་གནས་ཀྱིས་ཆེད་དོན་ཞིབ་བཤེར་ཐེངས15སྤེལ་བ་དང་། “གསང་སྤྱོད་གཅིག་ལ་འགན་འཁུར་མི་སྣ་གཅིག”གི་ལམ་ལུགས་ཁྱབ་སྤེལ་ཤུགས་ཆེན་བྱས་ཏེ། འཕྲོད་བསྟེན་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་སྤྱོད་གསང་སྤྱོད་ཀྱི“བཙོག་ཉོག་ཞན”གྱི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཏེ། གནས་སྐོར་སྤྱི་སྤྱོད་གསང་སྤྱོད་ཚང་མ་མདའ་བཞིའི་སྣང་བརྙན་མངོན་པ་དང་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྒེའུ་ཁུང་དུ་འགྱུར་བར་འབད་བརྩོན་བྱས་ཤིང་། གནས་སྐོར་པའི་བློ་ཡིད་ཚིམ་ཚད་དང་བསྐྱར་དུ་གནས་སྐོར་བྱེད་འདོད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག ལྗོངས་ཁུལ་གྱི་གད་སྙིགས་སྒམ་དང་གློག་གསོག་ཕུར་པའི་མཐའ་འཁོར། སྦགས་བཙོག་དཀར་པོ་སོགས་ཞིབ་ཕྲར་ལེགས་བཅོས་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་བྱས་ནས་ཞན་ཆ་ཁ་གསབ་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ལ་“བཞིན་ཐང”ཆེན་པོ་ལྡན་པ་མ་ཟད། གནས་སྐོར་དང་གནས་སྡོད་ལ་འཚམ་པའི་དྲོ་སྐྱིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། 



མཉམ་སྤྱོད།