དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་བརྗོད་གཞི་ཡིན་པའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ་བ།

2025-11-12 10:58:34   |   149

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་དགོངས་པ་ལག་ལེན་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། བོད་ཡིག་ཡིག་གཟུགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བ་བཅས་ལ་དམིགས་ཏེ། ཟླ11པའི་ཚེས11ཉིན་གྱི་སྔ་དྲོར། མདའ་བཞི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་སྒྲུབ་བྱས་ཤིང་མདའ་བཞི་རྫོང་སློབ་གསོ་ཅུ་དང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་པའི་མདའ་བཞི་རྫོང་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་ཡིག་གཟུགས་འགྲན་སྡུར་དེ་མདོ་ལ་རི་བོ་སློབ་འབྲིང་དུ་སྤེལ། 

c9e5920e3c33e53559b5acef080a736b.jpg

993b71e1564cf6a37c1b0d8f87230a24.jpg

   སློབ་གྲྭའི་ཡིག་གཟུགས་འབྲི་སྦྱོང་ཁང་།

 ཐེངས་འདིའི་འགྲན་སྡུར་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་བརྗོད་གཞིར་བཟུང་ཡོད་པ་དང་། ཁྱོན་བསྡོམས་པའི་སློབ་འབྲིང་རིམ་པའི་སློབ་མ་ཉི་ཤུ་དང་སློབ་ཆུང་རིམ་པའི་སློབ་མ་ཉི་ཤུ་འགྲན་སྡུར་ནང་ཞུགས་ཡོད་ཅིང་། ཡིག་གཟུགས་ལ་བརྟེན་ནས་དུས་རབས་གསར་བའི་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ལག་ལེན་དང་སྙིང་སྟོབས་མཚོན་པར་བྱས་ཡོད།

829bafd88d8f25c70fd29f3c6123d9ea.jpg

0a46c8597265321dbf7298321e63d62f.jpg


      སློབ་མ་དག་གིས་ཡིག་གཟུགས་འབྲི་བཞིན་པ།

  བོད་ཡིག་ཡིག་གཟུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་ཁྲོད་ཀྱི་ནོར་བུ་ལྟ་བུ་ཡིན་ལ། དེ་ཡིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ནས་བརྒྱུད་པའི་ཡབ་མེས་ཀྱི་ཤེས་རབ་དང་བློ་གྲོས་ཉར་ཡོད་པ་མ་ཟད། ཁྱད་དུ་འཕགས་པའི་སྒྱུ་རྩལ་དང་རིག་གནས་རིན་ཐང་སོགས་ལ་རྒྱལ་ཁབ་རིམ་པ་ཚུན་ཆད་ནས་གདེང་འཇོག་དང་མཐོང་ཆེན་བྱས་ཏེ། 2008ལོར་བོད་ཡིག་ཡིག་གཟུགས་དེ་རྒྱལ་ཁྱབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་བདམས་ཡོད། 

a72b1421ce544f9cf5d5505b176d70fa.jpg

b33927a3e8c321b706580bffa5e63636.jpg

  ཡིག་གཟུགས་དགེ་རྒན་གྱིས་མཛུབ་སྟོན་བྱེད་བཞིན་པ།

  ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་བརྩམས་ཆོས་ལ་དཔྱད་འདེམས་དགེ་རྒན་དག་གིས་དྲང་བདེན་དང་དྲང་བཞག་གི་སྒོ་ནས་དཔྱད་འདེམས་བྱས་པ་བརྒྱུད། སློབ་ཆུང་རིམ་པར་ཨང་དང་པོ་གཉིས་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གཉིས། སློབ་འབྲིང་རིམ་པར་ཡང་ཨང་དང་པོ་གཉིས་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གཉིས། རྟིང་སྐུལ་བྱ་དགའ་ཉེར་བརྒྱད་བཅས་ཀྱི་གཟི་བརྗིད་དཔང་ཡིག་དང་བྱ་དགའི་དངོས་པོ་བྱིན་ཏེ་སློབ་མ་དག་གི་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་ལ་བཟུང་བའི་རྣམ་འགྱུར་ལ་སྐུལ་ལྕག་བྱས།

2c03a597b382bee158284f86a8c26a5b.jpg

bee10eb983d745bf3987dc0bb16741a7.jpg

914c4d3b2f7692bd97bc44912ff3b51a.jpg

71b8fbc4379f52c37ef3442c4219cd9c.jpg

16cf2fa7b2591bb01daf5f59a7bc1706.jpg

9189aa14e3b4b52c5c3a7b52177fdc81.jpg

 འགྲན་ཞུགས་སློབ་མ་རྣམས་ཀྱི་ཡིག་གཟུགས་བརྩམས་ཆོས་འགའ།

  ཐེངས་འདིའི་འགྲན་སྡུར་ནི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་འགྲན་སྡུར་ཙམ་མ་ཡིན་པར་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་གསོན་ཤུགས་ལྡན་པ་ཞིག་ཀྱང་ཡིན་ལ། འདི་འདྲའི་འགྲན་སྡུར་སྤེལ་བ་བརྒྱུད་ནས་མདའ་བཞི་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བཞག་གོང་སྤེལ་གཏོང་བའི་ཐད་དང་། ལྷག་པར་དུ་རང་རྫོང་གི་སློབ་མ་རྣམས་ཀྱི་བོད་ཡིག་ཡིག་གཟུགས་འབྲི་རྩལ་མཐོར་འདེགས་དང་བསླབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་ཕན་པ་བླ་ལྷག་ལྡན། 

15db3ac308f6188da0697e22a8d4b566.jpg

སློབ་ཆུང་རིམ་པའི་བྱ་དགའ་ཐོབ་པའི་སློབ་མ་དག

8809044aad6b4110df4283160bb2d69d.jpg

སློབ་འབྲིང་རིམ་པའི་བྱ་དགའ་ཐོབ་པའི་སློབ་མ་དག

e75c93fc5cea46f4a529df0ab13685fb.jpg

ཕུལ་བྱུང་ཡིག་གཟུགས་མཛུབ་སྟོན་དགེ་རྒན་རྣམ་གཉིས།



མཉམ་སྤྱོད།