དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་ཉམས་མྱོང་བྱེད་སྟངས་འདིར་རྒྱལ་ཡོངས་ནས་མཚམས་སྦྱོར་བྱས་པ།

2025-11-13 15:08:41   |   135

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11ཚེས3ཉིན། གྲོང་ཁྱེར་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུ་གཞུང་དོན་ཐིང་གིས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་བེད་སྤྱོད་ཀྱི་འདྲ་བཟོ་བྱེད་ཆོག་པའི་ཉམས་མྱོང་དང་བྱེད་སྟངས་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་བེད་སྤྱོད་ཀྱི་ཉམས་མྱོང་དང་བྱེད་སྟངས54རྒྱལ་ཡོངས་ནས་ངོ་སྤྲོད་བྱས་ལ། དེའི་ནང་མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་མ་རྡུལ་ལམ་དང་ནུབ་མཚོ་སྲང་ཆེན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་བེད་སྤྱོད་ཀྱི་ཉམས་མྱོང་དང་བྱེད་སྟངས་བདམས་ཐོན་བྱུང་ཡོད།

b1a103d32d9c9c0849f7af4ebd5316dc.jpg

 4c1a7b80032c079627d6cb7d72fd1363.jpg

        མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མ་རྡུལ་ལམ་དང་ནུབ་མཚོ་སྲང་ཆེན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། གསར་བརྗེ་ཐོན་ཁུངས་ཀྱི་རིག་གནས་དྲིལ་སྒྲོག་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ནས་ས་འོག་བཀོད་འདོམས་ལྟེ་གནས་དང་མ་རྡུལ་མཁར་གྱི་དྲན་གསོའི་རྡོ་རིང་སོགས་གསར་བརྗེ་རིག་གནས་ཐོན་ཁུངས་སྦྲེལ་མཐུད་བྱས་ནས། “གསར་བརྗེ+N”ཡི་ཞིབ་འཇུག་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཏེ། “གནས་ཡུལ་འཚོལ་ཐུབ་པ་དང་དངོས་པོར་ལྟ་ཐུབ་པ། ལོ་རྒྱུས་བཤད་ཐུབ་པ། དོན་དག་སྒྲུབ་ཐུབ་པའི”སློབ་གསོའི་གནས་ཡུལ་བསྐྲུན་ཡོད། མིག་སྔར་གསོ་སྦྱོང་འཛིན་གྲྭ་ཐེངས24བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པ་མི་ཐེངས9328ཁྱབ་ཡོད་ལ། དེ་དང་ཆབས་ཅིག་གནས་སྐོར་བ་སྣེ་ལེན་བྱེད་ཚད་ཆེས་ཆེར་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།



མཉམ་སྤྱོད།