དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ལག་ཤེས་དཔལ་འབྱོར་གྱིས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་ཕན་ཁེ་བསྐྲུན་པ།

2025-11-18 10:14:32   |   29

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་མདའ་བཞི་རྫོང་གིས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྲོལ་རྒྱུན་ལ་གཞི་བྱས་ཏེ། “ལག་ཤེས་དཔལ་འབྱོར”འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ཤིང་། གཙག་དྲུབ་དང་བསླས་འཐག་སོགས་ལག་ཤེས་བཟོ་རྩལ་ཁྲོམ་ར་ཅན་དང་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། བུད་མེད་ཀྱི་ལས་གཏོད་ལས་ཞུགས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་ནུས་ལྡན་བྱས་ནས་གྲོང་གསེབ་དར་སྤེལ་ཡོང་བར་འགུལ་ནུས་གསར་པ་བསྣན་ཡོད།     

མདའ་བཞི་རྫོང་གིས་བོད་རིགས་དང་སོག་རིགས་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་ཁུངས་རྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱས་ཏེ། ཐོན་ཁུངས་ཀྱི་ཆ་འཕྲིན་བང་མཛོད་བཙུགས་ཡོད་པ་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣ་དང་དེ་བཞིན་བཟོ་རྩལ་རི་མོ་མཁས་པ12ལ་རོགས་སྐྱོར་དང་བཅས་གསོ་སྐྱོང་བྱས་ཡོད། ལས་ཁུངས་མང་པོའི་ཐོན་ཁུངས་སྡེབ་སྒྲིལ་གྱིས“ཧྲན་ཏུང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་གཅེས། བུད་མེད་གློག་རྡུལ་ཚོང་ལས་ཀྱི་ནུས་པ་གསོ་སྦྱོང་བྱ”“ཞེས་པའི“ཁུ་ལུས་རི་མོ་གཙག་པའི་གསོ་སྦྱོང”སོགས་གནད་ལ་འཁེལ་བའི་གསོ་སྦྱོང་རྣམ་གྲངས་སྤེལ་བ་དང་། རིམ་རྩིས་ལྟར་ན་བུད་མེད300ལྷག་ཙམ་ལ་གསོ་སྦྱོང་དང་བུད་མེད་དབང་པོ་སྐྱོན་ཅན20ལྷག་ཙམ་ལ་ལས་ཞུགས་སྐུལ་ཁྲིད་བྱས་ཏེ་ཚོང་ཁང3གསོ་སྐྱོང་བྱས་ཡོད་པ་དང་། “མི་གཅིག་ལ་གསོ་སྦྱོང་བྱས་ནས་ཕྱོགས་གཅིག་སྐུལ་ཁྲིད་བྱེད་པ་མངོན་འགྱུར་བྱས་ཡོད། 

     མདའ་བཞི་རྫོང་གིས“རིག་གནས་གསར་གཏོད་དང་གློག་རྡུལ་ཚོང་དོན། ཐོན་ལས་བཅས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་སྤྱད་དེ་རིག་གནས་གསར་གཏོད་དང་གནས་སྐོར་དྲན་རྟེན་དངོས་རྫས་སོགས་ཐོན་རྫས་གསར་སྤེལ་བྱས་ཏེ། ཐད་གཏོང་བརྒྱུད་ནས་ཚོང་ཟོག་ཕྱིར་འཚོང་དང་ལྗོངས་ཁུལ་གྱི་ཆེད་སྒྲོམ་སོགས་དྲ་ཐོག་དང་ཡུལ་དངོས་ཀྱི་ཐབས་ལམ་བརྒྱུད་ནས་ཁྲོམ་ར་རྒྱ་སྐྱེད་བཏང་ཡོད། མཚོ་སྔོན་དམངས་ཁྲོད་ཀྱི་དོང་སྲེག་ཚོགས་ཆེན་ཁྲོད“མྱོང་རོལ་དང་ཕྱིར་འཚོང”གི་རྣམ་པ་བརྒྱུད་ནས་མི500ལྷག་བྱ་འགུལ་ལ་ཞུགས་ཤིང་། སྒོར2000ལྷག་གི་རིན་གོང་ཕྱིར་འཚོང་བྱས་ཏེ་མངགས་ཐོ་སྒོར14500མངོན་འགྱུར་བྱུང་ཡོད། གཞན་ད་དུང“མདའ་བཞིའི་མཛངས་མ”སོགས་ས་གནས་ཀྱི་ཟོང་རྟགས་གསོ་སྐྱོང་དང་རིན་མོའི་པའེ་ཅི་ན་མི་རིགས་གྱོན་ཆས་སྤྱི་གཉེར་སོགས་དཔེ་སྟོན་བྱ་ཡུལ་བསྐྲུན་ནས་བུད་མེད56བཟོ་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཤིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར3500ལ་སླེབས་ཡོད།

     མདའ་བཞི་རྫོང་གིས་ས་ཁོངས་ལས་བརྒལ་བའི་རྟོག་ཞིབ་སློབ་སྦྱོང་རྩ་འཛུགས་བྱས་ཏེ། ཧྲན་ཏུང་སོགས་ཀྱི་བུད་མེད་ཁེ་ལས་པ་རང་རྫོང་དུ་མཛུབ་ཁྲིད་བྱེད་པར་གདན་འདྲེན་ཞུས་ཤིང་། ཁ་གཏད་རོགས་སྐྱོར་མཉམ་ལས་གྲོས་མཐུན་བཞག་ཡོད། “ཧྲན་ཏུང་དང་མཚོ་སྔོན་གྱི་བུད་མེད་ཐུན་མོང་འཕེལ་རྒྱས་ཡོང་བའི”ཕྱོགས་གཉིས་སྤེལ་རེས་བྱེད་སྒོ་བརྒྱུད་ནས། ས་གནས་གཉིས་ཀྱི་བུད་མེད་ཀྱིས་ཁྱབ་ཁོངས་སྔར་ལས་ཆེ་བའི་སྒོ་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད་པ་དང་། མིག་སྔར་རྫོང་ཡོངས་སུ་བུད་མེད་ཀྱིས་གཙོ་ཁྲིད་བྱེད་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་བཟོ་ཁང་མང་པོ་ཞིག་ཆགས་ཡོད་པ་དང་། བུད་མེད་བརྒྱ་ཕྲག་ཁ་ཤས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས་ནས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར2000ཡན་ལ་འཕར་ཡོད།



མཉམ་སྤྱོད།