དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱ་རྔ་མོང་གསོ་སྤེལ་ལས་རིགས་རྒྱ་སྐྱེད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ།

2025-11-21 11:18:10   |   165

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས17ཉིན། རྒྱ་མཚོའི་ངོས་ལས་མཚོ་འཕགས་ཆ་སྙོམས་སྨི་སྟོང3000ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ། ས་གནས་ཀྱི་ཆེས་ཐོག་མའི་གཞི་ཁྱོན་ཅན་གྱི་བྱ་རྔ་མོང་གསོ་སྤེལ་རྟེན་གཞིས་ཇི་ལྟར་དགུན་སྐྱེལ་བར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། རྟེན་གཞི་འདིས2024ལོར་ཨ་ཧྥེ་རི་ཁ་བྱང་མའི་བྱ་རྔ་མོང་སྐེ་དམར48ནང་འདྲེན་བྱས་པ་དང་། གྲང་ངར་དང་དབྱང་དབུགས་དཀོན་པ་སོགས་ཁོར་ཡུག་ངན་པ་ཁྱད་གསོད་བྱས་ཏེ། རིམ་རྩིས་བྱས་ན་སྒོ་ང700ལྷག་ཙམ་ཐོན་སྐྱེད་བྱས་པ་དང་། སྒོ་ང300ལྷག་ཙམ་རུམ་སྐྱེད་བྱས་ཏེ་བྱ་ཕྲུག300ལྷག་གསོ་སྤེལ་བྱས་ཏེ་གསོ་སྤེལ་བྱས་ཚད85%ལ་སླེབས་ཡོད། ཕྱིར་འཚོང་བྱས་ཚད་དམངས་སྒོར་ཁྲི20ལྷག་ཙམ་ལ་སླེབས་ཡོད་ཅིང་། དམངས་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།

f755ef0025611ac84205bf38f72f84bd.jpg

པར་འདི་ནི་གསོ་སྤེལ་རྟེན་གཞིའི་འགན་འཁུར་བ་ལན་པའོ་ཡུང་གིས་བྱ་རྔ་མོང་གི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

c6069aef000e75134dd3dcf7f6ecfa56.jpg

པར་འདི་ནི་ཨ་ཧྥེ་རི་ཁ་བྱང་མའི་བྱ་རྔ་མོང་སྐེ་དམར་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

4d39bfe222250b059495d012dab57ec0.jpg

པར་འདི་ནི་རྟེན་གཞིའི་ལས་བཟོ་བས་ཟླ་དྲུག་ལོན་པའི་བྱ་རྔ་མོང་ལ་གཟན་ཆས་སྟེར་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

6624f680a1783247cae3c0c91107dbba.jpg

པར་འདི་ནི་གསོ་སྤེལ་ལེགས་འགྲུབ་བྱུང་བའི་བྱ་ཕྲུག་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

52e5108b8237a5256e6835f86fe6d44a.jpg

པར་འདི་ནི་ལས་བཟོ་བས་བྱ་རྔ་མོང་གི་འཐུང་ཆུའི་དྲོད་གྲངས་སྙོམས་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

57807267418edce0c8f654a48ca55a55.jpg

པར་འདི་ནི་ལས་བཟོ་བ་ལན་པའོ་ཡོང་གིས་ཕྱིར་འཚོང་རན་པའི་བྱ་རྔ་མོང་གི་བྱ་སྤུ་འདེམས་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

c20e5a55ed6eb879dadd847ea59665a2.jpg

པར་འདི་ནི་ལས་བཟོ་བ་ལན་པའོ་ཡོང་དང་ཁོའི་ཆུང་མས་ཆེད་ལས་ཀྱི་སྒོང་ལྟ་གློག་སྤྱད་ནས་སྦྲུམ་རྟེན་འཚར་སྐྱེ་གནས་ཚུལ་ལ་ལྟ་ཞིབ་བྱ་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།

b33b52af1a24f73d60b0a12ed65bcc36.jpg

པར་འདི་ནི་ལས་བཟོ་བས་ཆེད་ལས་ཀྱི་སྒོང་ལྟ་གློག་སྤྱད་ནས་འཕྱིར་འཚོང་རན་པའི་བྱ་རྔ་མོང་གི་སྒོང་ངར་ཞིབ་བཤེར་བྱ་བཞིན་པ་རེད། པར་ལེན་མཁན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་མཱ་མིང་ཡན།



མཉམ་སྤྱོད།