དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་སྐྱེ་ལྡན་ལུད་རྫས་ཀྱི་ལོའི་ཕྱིར་འཚོང་སྒོར་དུང་ཕྱུར་ལས་བརྒལ་བ།

2025-12-01 16:38:58   |   156

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གི་སྐྱེ་ལྡན་ལུད་རྫས་ཐོན་ལས་ཀྱི་ཐོག་མའི་གཞི་ཁྱོན་རྣམ་པ་ཆགས་ཡོད་ལ། མིག་སྔར་ཐོན་སྐྱེད་ཚད་ཏུན་ཁྲི11.2ལ་སླེབས་ཤིང་། ཕྱིར་འཚོང་གྲངས་འབོར་སྒོར་དུང་ཕྱུར1.08ལ་སླེབས་ཡོད། ཕྱིར་འཚོང་གྲངས་འབོར་གྱིས་ཁུལ་ཡོངས་ཀྱི68.9%དང་ཞིང་ཆེན་ཡོངས་ཀྱི14.38%ཟིན་ཡོད།  

ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཕྱུགས་རིགས་དང་ཁྱིམ་བྱའི་ལུད་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྐྱུར་བསྙལ་དང་ལས་སྣོན། གདམ་གསེས། འབྲུ་རྡོག་བཟོ་བ། ངར་སྐམ་སོགས་ཀྱི་ལས་རིམ་བརྒྱུད་དེ། ལུད་དང་པད་ཁའི་སོག་མ་སོགས་སྐྱེ་ལྡན་ལུད་སོགས་ཐོན་རྫས་རིགས་དྲུག་ཏུ་བསྒྱུར་ཏེ། “ཐོན་ཁུངས་དང་ཐོན་རྫས། སྙིགས་རྫས། བསྐྱར་སྤྱོད་ཐོན་ཁུངས་རྒྱུན་མི་ཆད་པའི་ཐོན་ཁུངས”ཀྱི་མ་ལག་བསྐྲུན་ནས་ལོ་རེར་ནོར་ལུག་གི་ལུད་ཏུན་ཁྲི28དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད90%དང་། ཕྱུགས་རིགས་དང་ཁྱིམ་བྱའི་ལུད་སོགས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད92%ཡན་ཆད་བཅས་སུ་སླེབས་ཡོད། ཞིང་སྨན་ཉུང་འཕྲིའི་ལག་བསྟར་བྱེད་ཚད100%ཟིན་ཡོད། སྐྱེ་ལྡན་ལུད་ཐོན་ལས་དེ་སྐྱེ་ཁམས་ཕྱུགས་ལས་ཀྱི“དགུ་ཅན་གཅིག”གི་ལེ་ལག་བཟོ་གྲྭའི་གཙོ་གནད་ཁྱབ་ཁོངས་སུ་བཞག་ནས་རྒྱབ་སྐྱོར་བྱས་པ་དང་། ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། མིག་སྔར། པྭོ་ཏྭ་དང་ཝུའུ་ཧྥེང་། ཧོན་ཡོའུ་སོགས་རྐང་འཛིན་ཁེ་ལས་དྲུག་གསོ་སྐྱོང་བྱས་ཏེ་ཐོན་ལས་སྐྱེ་ཁམས་ཕྲེང་བ་ཆ་ཚང་ཆགས་ཡོད་པ་དང་ས་ཁོངས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། 《ཁྲོམ་རའི་གཙོ་གཞི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་མ་རྩའི་དོ་དམ་བྱེད་ཐབས》བཏོན་ནས་སྐྱེ་ལྡན་ལུད་རྫས་ཁེ་ལས་ཁག་དང་པོ2ལ་སྒོར་ཁྲི55ཡི་རོགས་སྐྱོར་བྱ་དགའ་སྤྲད་ཡོད་པ་དང་། པྭོ་ཏྭ་སྐྱེ་ལྡན་ལུད་རྫས་སྤྱི་གཉེར་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་རྣམ་པའི་ཁེ་ལས་ཆུང་འབྲིང་ཁག་གསུམ་པའི་མིང་ཐོའི་ཁྲོད་ཚུད་ཡོད།

གོམ་སྟབས་རྗེ་མར། མདའ་བཞི་རྫོང་གིས་མུ་མཐུད་དུ་མཐོ་སྒང་ཁོར་ཡུག་དྭངས་གཙང་གི་ལེགས་ཆ་དང་འཁོར་སྐྱོད་དཔལ་འབྱོར་གྱི་རྣམ་པར་བརྟེན་ཏེ་སྐྱེ་ལྡན་ལུད་རྫས་ཀྱི་ཐོན་ལས་ཕྲེང་ཐག་སྔར་བས་རྒྱ་བསྐྱེད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། སྐྱེ་ལྡན་ལུད་རྫས་ཐོན་ལས་ཀྱི་ཇུས་འགོད་འཚོལ་ཞིབ་དང་། སྐྱེ་ལྡན་ལུད་རྫས་ཐོན་ལས་སྤུས་ཚད་སྔར་ལས་མཐོ་བ་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་རྒྱུར་སྒུལ་ཤུགས་སྣོན་རྒྱུ་རེད།



མཉམ་སྤྱོད།