དེ་རིང་ནི2025ལོའི་ཟླ12པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་ལོ་ངོ་སྟོང་གི་གནའ་བོའི་མཁར་རྙིང་ཤུལ་བཞག་གི་རིན་ཐང་སྔོག་འདོན་བྱས་པ།

2025-12-16 11:00:31   |   124

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་མདའ་བཞི་རྫོང་གིས་གནའ་བོའི་མཁར་རྙིང་གི་གནའ་ཤུལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་གཏིང་ཟབ་བྱས་ནས། དེའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་དང་སྐུལ་སློང་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།    

ནུས་ཤུགས་ཡོད་རྒུ་བཏོན་ནས་གནའ་བོའི་མཁར་རྙིང་ཤུལ་བཞག་སྲུང་སྐྱོབ་བྱས་པ། ནུབ་མཚོ་ཅུན་གནའ་ཤུལ་ནི་ཧན་རྒྱལ་རབས་ནུབ་མའི་མཐའ་མཚམས་ཀྱི་བཅོས་སྐྱོང་དང་ཆང་ཧན་མཉམ་འདྲེས་ཀྱི་ལོ་རྒྱུས་དཔང་རྟགས་གལ་ཆེན་ཞིག་ཡིན་པ་དང་། 1988ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གསུམ་པའི་གྲས་སུ་བདམས་ཡོད། ཉེ་བའི་ལོ་འགའི་རིང་མདའ་བཞི་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི4322བཏང་སྟེ་གནའ་ཤུལ་སྲུང་སྐྱོང་དང་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས་དང་། ལྗོངས་གཟིགས་སྟེགས་བུ། རིག་དངོས་སྲུང་སྐྱོབ་རྡོ་རིང་། ནུབ་མཚོ་ཅུན་རིག་དངོས་སྲུང་སྐྱོབ་སོགས་རྟེན་མཛོད་ཁང་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད། ནུབ་མཚོ་ཅུན་རྟེན་མཛོད་ཁང་དེ“ནུབ་མཚོའི་བྱུང་བརྗོད་རིང་མོ་སྟེ་མདའ་བཞི་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་མྱོང་རོལ་ཁང”དུ་སྒྱུར་བཀོད་བྱས་པ་དང་། “1+2+N”རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི4.6ལྷག་ཙམ་ལ་སྣེ་ལེན་བྱས་ནས་མི་རིགས་ཀྱི་ཁག་གི་བར་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་འབྲེལ་ཐག་ལྟ་བུར་གྱུར་ཡོད།   

གསར་བརྗེ་ནུས་པ་སྤྲད་ནས་མི་སྣ་གསར་བ་གསོ་སྐྱོང་བྱས་པ། དུས་རབས་གོང་མའི་ལོ་རབས50པར། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་དང་རྒྱལ་ཁབ་ཀྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་ཆེད། ཚན་རིག་ཞིབ་འཇུག་ལས་དོན་པ་ཁྲི་ཁ་ཤས་ཀྱིས་གསེར་དངུལ་རྩྭ་ཐང་དུ་རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་ཞིབ་འཇུག་དང་གསར་བཟོ་བྱས་པ་དང་། མདའ་བཞི་རྫོང་གི་འབྲོག་པ་ཁྱིམ་ཚང་སྟོང་ཕྲག་ལྷག་མདོ་ལ་རི་བོའི་ས་ཁུལ་དུ་གནས་སྤོར་བྱས་ཏེ། མི་རིགས་ཁག་གི་སྐྱིད་སྡུག་མཉམ་སྤྱོད་དང་ལྷག་བསམ་རྣམ་དག་གིས་བྱས་རྗེས་འཇོག་པའི་དུས་རབས་ཀྱི་ལེའུ་མཉམ་དུ་བྲིས་ཡོད། མདའ་བཞི་རྫོང་གིས་ནུབ་མཚོ་ཅུན་གྱི་རྗེས་ཤུལ་དང་མ་རྡུལ་མཁར་སོགས་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། “ཁུལ་གཅིག་དང་གནས་གཉིས། ཁང་གསུམ། དེང་རབས་ཅན་བཞི། ས་ཚིགས་མང་པོ་བཅས་ཀྱི”ཞིབ་སློབ་མ་ལག་བཙུགས་པ་དང་། “ལྔ་གཅིག་གི་ངལ་རྩོལ་དཔེ་སྟོན་ཆེད་གཏོང་མེ་འཁོར”དང“གསེར་དངུལ་ཐང་དུ་བསྐྱོད་པའི”ཞིབ་སློབ་གསར་བརྗེ་ཆེད་གཏོང་མེ་འཁོར་གྱི་བྱེད་སྒོ་ཐེངས་དྲུག་ལ་སྤེལ་བ་དང་། “འགྲིམ་འགྲུལ+རིག་གནས+གནས་སྐོར+སློབ་གསོ”སོགས་ཀྱི་རྣམ་པ་གསར་བའི་ཞིབ་སློབ་རྣམ་པ་བསྐྲུན་ཏེ། མི་ཐེངས3700ལྷག་གིས་དེར་ལྟ་སྐོར་མྱོང་རོལ་བྱས་ཡོད། མིག་སྔར་གསོ་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་ཚོགས་པ་ཁག་གི་དུས་ཐེངས86ཡི་མི་ཁྲི1.1ལྷག་སྣེ་ལེན་བྱས་ཏེ་གསོ་སྦྱོང་གི་ཡོང་འབབ་སྒོར་ཁྲི330ཟིན་ཡོད་པ་དང་། རིག་གནས་གནས་སྐོར་གསར་བརྗེ་དེ་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི“མདའ་བཞིའི་མིང་བྱང”ཞིག་ཏུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད།

   རིག་གནས་དང་གནས་སྐོར་མཉམ་འདྲེས་བྱས་ནས་ཐོན་ལས་དར་རྒྱས་བཏང་བ། མདའ་བཞི་རྫོང་གིས་ནུབ་མཚོ་ཅུན་མཁར་རྙིང་རིག་གནས་ཐོན་ཁུངས་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། རྗེས་ཤུལ་ལྟ་སྐོར+རིག་གནས་གསར་སྤེལ+དམངས་སྲོལ་མྱོང་རོལ་སོགས་ཐོན་ལས་མ་ལག་བསྐྲུན་ཡོད། མཁར་རྙིང་ལོ་རྒྱུས་རིག་གནས་ཀྱི་གཞི་རྒྱུ་གཏིང་ཟབ་ཏུ་སྔོན་འདོན་བྱས་པ་བརྒྱུད། གཟུགས་འདས་ཤུལ་བཞག་བཤམ་ཚོང་དང་ཐད་གཏོང་བརྒྱུད་ནས་ཕྱིར་འཚོང་བྱེད་པ། ལྗོངས་ཁུལ་གྱི་ཆེད་སྒྲོམ་སོགས་དྲ་ཐོག་དང་ཡུལ་དངོས་ཀྱི་ཕྱིར་འཚོང་ཐམས་ལམ་ལ་བརྟེན་ཏེ་མྱོང་རོལ་དང་ཕྱིར་འཚོང་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི41མངོན་འགྱུར་བྱས་ཡོད། ལོ་རེར་མི་རིགས་ཁག་གི་མང་ཚོགས་མི་སྣ20གཟུགས་འདས་ཤུལ་བཞག་ཐོན་ལས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1000འཕར་སྣོན་བྱུང་ཡོད་པས། རིག་གནས་སྲུང་སྐྱོང་དང་གནས་སྐོར་འཕེལ་རྒྱས། འབྲོག་པ་ཕྱུག་འགྱུར་བཅས་ཀྱི་འཁོར་སྐྱོད་བཟང་པོའི་ལམ་ལ་བསྐྱོད་མགོ་བརྩམས་ཡོད།



མཉམ་སྤྱོད།