དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིAརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་ལ་ཡང་བསྐྱར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

2025-12-18 11:24:14   |   274

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གི་གནས་སྐོར་ལྗོངས་ཁུལ་གྱི་ཟོང་རྟགས་སྐྲུན་པའི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། བོན་གྱཱ་ཕྱུགས་ར་རྒྱལ་ཁབ་ཀྱིAAAAརིམ་པའི་གནས་སྐོར་ལྗོངས་ཁུལ་གྱི་མིང་ཐོའི་གྲས་སུ་ཚུད་པ་དང་། ནུབ་མཚོ་ཆུ་ཚན་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་གནས་སྐོར་ལྗོངས་ཁུལ་གྱི་མིང་ཐོའི་གྲས་སུ་ཚུད་ཡོད། མདའ་བཞི་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་སྐྲུན་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། མཚོ་བྱང་ཁུལ་གྱི“123”ལྗོངས་ཁུལ་འཕེལ་རྒྱས་གཏོང་བའི་ལས་དོན་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཞིག་ཀྱང་ཡིན།

ལྗོངས་ཁུལ་ཟོང་རྟགས་སྐྲུན་པའི་བརྒྱུད་རིམ་ཁྲོད། རང་རྫོང་གིས“ད་ཡོད་ཀྱི་ལྗོངས་ཁུལ་དེ་མཐོ་རིམ་ལྗོངས་ཁུལ་དུ་མཐོར་འདེགས་གཏོང་བ་དང་གསར་སྣོན་ཟོང་རྟགས་ཀྱི་གྲངས་འབོར་རིམ་བཞིན་རྒྱ་སྐྱེད་གཏོང་བ། ལྗོངས་ཁུལ་གཅིག་འཐུས་ཚང་དང་ནར་སོན་ཚེ་ཟོང་རྟགས་གཅིག་རེ་ཞུ་བྱེད”པའི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་ལ་འཁེལ་བའི་གསོ་སྐྱོང་བྱས་ཡོད། ད་ལོར་གནས་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཚད་གཞི་བསྡུར་ནས་མཐོར་འདེགས་གཏོང་བ། ཆ་སྒྲིག་འཐུས་ཚང་དུ་གཏོང་བ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བརྒྱུད་ནས་ལྗོངས་ཁུལ་གྱི་སྤུས་ཚད་དང་དོ་དམ་ཞབས་ཞུའི་ཆུ་ཚད། ཟོང་རྟགས་ཀྱི་ཤུགས་རྐྱེན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས། གསར་གཏོད་ལས་དོན་ཕན་ནུས་ལྡན་པ་དང་གྲུབ་འབྲས་མངོན་གསལ་ཡོང་བར་འགན་ལེན་བྱས་ཡོད།
b89f892257590dc327ec6f6c1c692da5.jpg

ཐེངས་འདིར་མདའ་བཞི་རྫོང་གི་ལྗོངས་ཁུལ་གཉིས་བདེ་བླག་ངང་རིམ་འཕར་བྱས་པ་དེས། མདའ་བཞི་རྫོང་གིAརིམ་པའི་གནས་སྐོར་ལྗོངས་ཁུལ་གྱི་དཔུང་ཁག་སྔར་བས་ཆེ་རུ་ཕྱིན་པ་དང་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་མཚོན་ཞིང་། མིག་སྔར་མདའ་བཞི་རྫོང་དུ་རྒྱལ་ཁབ་ཀྱིAAAAརིམ་པའི་གནས་སྐོར་ལྗོངས་ཁུལ3དང་། རྒྱལ་ཁབ་ཀྱིAAAརིམ་པའི་གནས་སྐོར་ལྗོངས་ཁུལ2རྒྱལ་ཁབ་ཀྱིAAརིམ་པའི་གནས་སྐོར་ལྗོངས་ཁུལ4བཅས་ཡོད་པས། མཐོ་རིམ་ལྗོངས་ཁུལ་གྱིས་སྣེ་ཁྲིད་བྱེད་པ་དང་རིམ་པ་ཁག་གི་ལྗོངས་ཁུལ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། གཞན་ཡང་རང་རྫོང་གི་གྲོང་གསེབ་གནས་སྐོར་འཕེལ་རྒྱས་ལ་ཡང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ད་ལོར་སྐར་གསུམ་ཅན་གྱི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས3བདེ་བླང་ངང་བཙུགས་ནས་ས་ཁོངས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། 

གོམ་སྟབས་རྗེས་མར། མདའ་བཞི་རྫོང་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་འཐབ་ཇུས་ཀྱི་གོ་སྐབས་མུ་མཐུད་དུ་དམ་འཛིན་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དོན་དངོས་ལ་བརྟེན་ནས་ལྗོངས་ཁུལ་གྱི་འགུལ་རྣམ་དོ་དམ་དང་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། རྒྱུན་ཆད་མེད་པར་སྤུས་ལེགས་གནས་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མདའ་བཞི་རྫོང་དེ་གནས་སྐོར་ཐོན་ཁུངས་ཆེན་པོའི་རྫོང་ནས་གནས་སྐོར་ཐོན་ལས་སྟོབས་ལྡན་གྱི་རྫོང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རིག་གནས་གནས་སྐོར་གྱི་སྟོབས་ཤུགས་འབུལ་རྒྱུ་རེད། 

8fd5cbdcde400768d66b0dc351c72c17.jpg



མཉམ་སྤྱོད།