དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཐོག་དང་པོར་ལྷོ་ཨ་མེ་རི་ཁའི་གློན་འབུ་དཀར་པོ་ཚོད་ལྟ་གསོ་སྐྱོང་བྱས་ཏེ་ལེགས་འགྲུབ་བྱུང་བ།

2026-01-15 11:21:40   |   127

རྩོམ་སྒྲིག    སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉིན་ཤས་གོང་། ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་གྱི་གློག་འཕྲིན་འབྱོར་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་རང་ཉིད་ཀྱི་ཐོན་ཁུངས་ཆ་རྐྱེན་གཞིར་བཟུང་སྟེ། ཐོན་ལས་འཕེལ་རྒྱས་གྱི་ཁ་ཕྱོགས་དམ་ཟབ་དང་མཁར་སྲིད་ཀུང་སིས་ལས་རིགས་གཙོ་བོ་ཕུད་པའི་སྣ་མང་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལྷོ་ཨ་མའི་རི་ཁའི་གློན་འབུ་དཀར་པོའི་སྐམ་སའི་འཁོར་སྐྱོད་ཆུའི་ཚན་རྩལ་གསོ་སྤེལ་བྱེད་སྟངས་ནང་འདྲེན་བྱས་པ་དང་། སྐྱེ་ཁམས་གསོ་སྤེལ་འགོ་ཚུགས་སར་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བར་ནུས་པ་འདོན་པ་དང་ཁྱད་ལྡན་གསོ་སྤེལ་འཚོལ་ཞིབ་དང་ལག་ལེན་བྱེད་མགོ་བརྩམས་ཡོད།

སྐྱེ་ཁམས་སྔོན་ལ་ལེགས་བཅོས་གཏོང་རྒྱུ་ནི་མདའ་བཞི་རྫོང་གི་འཕེལ་རྒྱས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་ཞིང་།ཐེངས་འདིར་ནང་འདྲེན་བྱས་པའི་ལྷོ་ཨ་མེ་རི་ཁའི་གློན་འབུ་དཀར་པོའི་སྐམ་སའི་འཁོར་སྐྱོད་ཆུའི་ཚན་རྩལ་གསོ་སྤེལ་བྱེད་སྟངས་དེས་ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འདུ་ཤེས་ལག་ལེན་གང་ལེགས་བྱས་པ་མཚོན་ལ། གསོ་སྤེལ་བྱེད་སྟངས་འདིས་སྐྱེ་དངོས་དབྱེ་དགར་ལག་རྩལ་བརྒྱུད་ཏེ་གསོ་སྤེལ་བརྒྱུད་རིམ་ཁྲོད་ཐོན་པའི་གློན་འབུ་ཚབ་བརྗེ་ཀྱི་དངོས་རྫས་ཐག་གཅོད་ནུས་ལྡན་བྱས་ཏེ། གསོ་སྤེལ་སྙིགས་ཆུའི་མཐའ་འཁོར་གྱི་ཆུ་སྤུས་སོགས་ཀྱི་ཤུགས་རྐྱེན་འབྱུང་རྩ་ནས་ཇེ་ཉུང་དུ་བཏང་སྟེ།ཆུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་མངོན་འགྱུར་བྱས་ཏེ་འབག་བཙོག་དམའ་བ་དང་ཕྱིར་འབུད་ཕལ་ཆེར་མེད་པ་བཅས་མངོན་འགྱུར་བྱས་ཡོད།ལག་ལེན་བྱེད་ཐབས་འདི་ནི་མདའ་བཞི་རྫོང་གི་སྐྱེ་ཁམས་འཕེལ་རྒྱས་ཀྱི་སྲིད་ཇུས་རེ་འདོད་དང་མཐུན་པ་མ་ཟད། ཁྱད་ལྡན་གསོ་སྤེལ་ཐབས་ལམ་འཚོལ་ཞིབ་བྱེད་པར་ལྗང་མདོག་གི་རྨང་གཞི་ཡང་བཏིང་ཡོད།

ཚོད་གསོ་མ་གནས་ཇེ་དམའ་རུ་གཏོང་རྒྱུ་དང་ཐོན་ཁུངས་སྤྱོད་ཚད་ཇེ་མཐོར་གཏོང་ཆེད། མདའ་བཞི་རྫོང་གིས་རང་ཉིད་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་ཚ་བརྗེ་ས་ཚིགས་ཀྱི་ཚ་ལྷག་བེད་སྤྱོད་དང་བེད་མེད་དུ་བཞག་པའི་ས་ཁུལ་བེད་སྤྱོད་བྱེད་པ་ཟུང་འབྲེལ་བྱས་ཏེ།ཐེངས་འདིའི་ཨ་མེ་རི་ཁ་ལྷོ་མའི་གློན་འབུ་དཀར་པོ་ཚོད་གསོ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་མངའ་ཁུལ་གྱི་ཚ་བརྗེ་ས་ཚིགས་ཀྱི་ཚ་ལྷག་ཐོན་ཁུངས་ལ་བརྟེན་ཏེ་རང་རྫོང་གི་སྲོལ་རྒྱུན་གྱི་དྲོད་སྣོན་བྱེད་སྟངས་ཀྱི་ཚབ་བྱས་ཏེ་གསོ་སྤེལ་ཆུ་ཕུང་གི་དྲོད་ཚད་ཚོད་འཛིན་བྱས་ཏེ།དྲོད་འཛིན་ནུས་ཟད་ཀྱི་མ་གནས་ཆེས་ཆེར་གྲོན་ཆུང་བྱས་ཡོད།གཞན་ད་དུང་འཐུས་ཚང་གི་མཁར་སྲིད་ཀྱི་རྨང་གཞིའི་སྒྲིག་བཟོ་ལ་བརྟེན་ནས་བེད་མེད་དུ་བཞག་པའི་ས་ཁུལ་བདེ་བླག་ངང་བེད་སྤྱོད་བྱས་ཏེ་ཚད་ལྡན་ཅན་གྱི་གློན་འབུའི་རྫིང་བུ་གཉིས་བསྐྲུན་ཡོད་པ་དང་། གློན་འབུའི་རྫིང་བུ་གཅིག་གི་འཛུགས་སྐྲུན་མ་གནས་སྒོར7000ཙམ་ཡིན་པ་དང་། མ་གནས་ཚོད་འཛིན་བྱེད་ཐབས་ཁག་རྩེག་སྣོན་བྱས་ཏེ་ཚོད་གསོ་རྣམ་གྲངས་ཧྲིལ་པོར་སྤྱི་བསྡོམས་པས་མ་དངུལ་སྒོར་ཁྲི2.2ཡས་མས་ཀྱི་འགྲོ་གྲོན་བཏང་ཡོད།

ཚོད་ལྟ་གསོ་སྤེལ་བྱེད་པའི་རིང་མདའ་བཞི་རྫོང་གིས་ཚ་ལྷག་གི་དྲོད་ཚད་ལེགས་ཆར་བརྟེན་ཏེ་འཚར་སྐྱེ་ཁུལ་གྱི་དྲོད་ཚད་དང་འཚམ་པར་ཚོད་འཛིན་བྱས་ཡོད། དྲོད་ཚད་དེས་གློན་འབུའི་སྐྱེ་འཚར་མྱུར་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་གསོ་སྤེལ་གྱི་ཕན་ནུས་ལ་འགན་ལེན་བྱེད་ཐུབ། ཟླ་བ་གསུམ་རིང་གི་ཚན་རིག་བདག་སྲུང་བརྒྱུད་ཏེ་གློན་འབུ15000བདེ་བླག་དང་བདེ་ཐང་ངང་གསོ་སྐྱོང་བྱས་པ་དང་གློན་འབུའི་རྫིང་བུ་གཉིས་ཀྱིས་ཚོད་རྩིས་བྱས་ན་སྤུས་ལེགས་མཐོ་བའི་ལྷོ་ཨ་མེ་རི་ཁའི་གློན་འབུ་དཀར་པོ་ཁྲི5བསྡུ་ལེན་ཐུབ་རྒྱུ་རེད།

ཐེངས་འདིར་ཚ་བརྗེ་ས་ཚིགས་ཀྱི་ཚ་ལྷག་ལ་བརྟེན་ནས་བེད་མེད་དུ་གྱུར་པའི་ས་ཁུལ་བེད་སྤྱོད་དང་ལྷོ་ཨ་མེ་རི་ཁའི་གློན་འབུ་དཀར་པོའི་མ་གནས་དམའ་བའི་ཚོད་གསོ་བྱས་པ་དེས་བེད་མེད་དུ་གྱུར་པའི་རྒྱུ་ནོར་དང་ཚ་ལྷག་ཐོན་ཁུངས་ནུས་ལྡན་ངང་སྐུལ་འདེད་བྱས་པ་མ་ཟད། དམངས་ལ་ཕན་པའི་ཐོན་རྫས་འདོན་སྤྲོད་གཉེར་སྟངས་སྔ་ལས་ལེགས་འགྲུབ་ངང་རྒྱ་སྐྱེད་བཏང་སྟེ། མཁར་སྲིད་ཀྱི་ལས་སྒོ་གཙོ་བོ་ཕུད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་སྣ་མང་འཚོལ་ཞིབ་བྱེད་པར་དངོས་འབྲེལ་ཉམས་མྱོང་བསགས་ཡོད་པ་རེད།



མཉམ་སྤྱོད།