དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པུ་ལང་རིགས།

2022-12-29 15:07:07   |   457

པུ་ལང་རིགས(布朗族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཞི་ཧྲོང་པན་ནཱ་དང་རྫ་ཆུ། ཧྲོང་ཅང་། ཀྲིན་ཁང་སོགས་ས་ཁུལ་དུ་ཁྱབ་ཡོད། བཅིངས་འགྲོལ་བྱས་རྗེས་མི་རིགས་རང་གི་མོས་འདུན་ལྟར“པུ་ལང་རིགས”ཞེས་མིང་བཏགས། ཁྱོན་སྡོམ་མི་གྲགས119630ཡོད། མི་རིགས་དེར་རང་གི་ཡི་གེ་མེད་པས་ཏའི་རིགས་ཀྱི་ཡི་གེ་དང་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད། 

པུ་ལང་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་གོང་བ་མེད་པའི་སྟོད་ཐུང་དང་ཁོག་སྨད་ལ་མདོག་ནག་པོ་ཅན་གྱི་རྐང་སྣམ་རིང་བོ་གོན་ཞིང་། བུད་མེད་རྣམས་ཀྱིས་གོང་བ་མེད་པའི་སྟོད་ཐུང་ནག་པོ་དང་སྨད་ལ་མདོག་སྣ་ཚོགས་ཀྱི་སྨད་གཡོགས་སྦུབས་མ་གོན་པར་དགའ། གཞན་རྣ་ལུང་དང་ལག་གདུབ་འདོགས་པ་དང་སོ་མདོག་ནག་པོ་ཡིན་ན་མཛེས་པར་སྙམ། པུ་ལང་རིགས་ཀྱི་རྩོམ་རིག་གཙོ་བོ་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན། དེ་ལས་ལྷ་སྒྲུང《ཀུའུ་མེ་ཡ》དང་ལོ་རྒྱུས་སྙན་ངག《གནམ་ས་གཏོར་བ》དོན་བརྗོད་སྙན་ངག《ལོ་གསར་བའི་གཞས》སོགས་ནི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་ཆོས་ལུགས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད། དེ་མིན་པུ་ལང་རིགས་ཀྱི་ཞབས་བྲོ་ལ་ཏེ་རིགས་ཀྱི་ཤན་ཞུགས་ཡོད་ལ་ཞབས་བྲོའི་སྐོར་ལ་སྲོལ་རྒྱུན་གྱི“རལ་གྲིའི་ཞབས་བྲོ”དང“སྐོར་བྲོ”སོགས་ཡོད། 

པུ་ལང་རིགས་ལ་མིང་མ་གཏོགས་རུས་མེད་ཅིང་། མིང་འདོགས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ནི་མ་བུའི་མིང་འདྲེས་ཡོད་དེ། ཨ་མའི་མིང་གི་ཆེས་སྔོན་མ་དང་བུའི་མིང་གི་ཆེས་གཞུག་མའི་སྒྲ་གཅིག་མཐུན་ཡིན། ཁོ་ཚོའི་ཁང་བར་འདུག་ཁང་དང་མཛོད་ཁང་གཉིས་སུ་བགར་ཡོད། མི་རིགས་དེའི་ལུས་རྩལ་གཙོ་བོ་པུ་ལང་ལྒང་ལི་ཡིན་ལ་མི་གཉིས་ཡན་ཆད་ཀྱིས་ཕན་ཚུན་འཕེན་རེས་བྱས་ནས་རྩེ་བ་ཞིག་ཡིན།


མཉམ་སྤྱོད།