དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པུའུ་དབྱི་རིགས།

2022-12-29 15:09:33   |   465

པུའུ་དབྱི་རིགས(布依族)འདུས་སྡོད་བྱེད་གནས་གཙོ་བོ་ཀོས་ཀྲིག་ལྷོ་ཕྱོགས་དང་ནུབ་ཕྱོགས་ཡིན་ལ། ཁྱོན་སྡོམ་མི་གྲངས2870030ལྷག་ཡོད། 

པུའུ་དབྱི་རིགས་ཀྱི་སྐྱེས་པ་ཚོས་སྟོད་ཐུང་དང་རྐང་སྣམ་རིང་བོ་གོན་ལ། ནང་དུ་ཚིལ་ལེན་རིང་བོ་གོན་ལ། ཚིལ་ལེན་དཀར་བོ་དང་མགོ་རས་དཀྲི་བ་ཅུང་མང་། བུད་མེད་ཚོས་ཐུ་བ་ཆེ་བའི་སྟོད་ཐུང་དང་སྨད་དུ་ཕུར་མ་རིང་བོ་གོན་ཞིང་ཕུ་ཐུང་ཚང་མར་མེ་ཏོག་གི་རི་མོ་གཙགས་ཡོད།

པུའུ་དབྱི་རིགས་ཀྱི་སྐད་རིགས་ནི་རྒྱ་བོད་སྐད་ཁུངས་ཡིན་ལ། ཀྲོང་རིགས་ཀྱི་སྐད་རིགས་དང་འབྲེལ་བ་ཆེན་པོ་ཡོད། བཅིངས་འགྲོལ་བྱས་རྗེས་ཁོ་ཚོས་གསར་དུ་བསྐྲུན་པའི་ཡི་གེ་སྤྱོད་བཞིན་ཡོད།  པུའུ་དབྱི་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། དམངས་ཁྲོད་དུ་ཅུང་དར་ཁྱབ་ཆེ་བའི་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། དམངས་གླུ། གནའ་བོའི་གླུ་སོགས་ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་པུའུ་དབྱི་རིགས་ཀྱི་ལོ་རྒྱུས་དང་ཡུལ་སྲོལ་གོམས་འདྲིས། དེ་མིན་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོའི་རྣམ་པ་མཚོན་ཡོད།  དེང་སྐབས་པུའུ་དབྱི་རིགས་ཀྱི་རྩོམ་པ་པོ་གསར་བའི་དཔུང་ཁག་དང་བརྩམས་ཆོས་ཀྱང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན། པུའུ་དབྱི་རིགས་ཀྱི་ལ་གཞས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན། ཁོ་ཚོས་གཉེན་སྒྲིག་བྱེད་དུས་གླུ་ལེན་མཁན་གདན་དྲངས་ནས་རྟེན་འབྲེལ་ཞུ་བའི་གླུ་དང་ལོ་རྒྱུས་དོན་བརྗོད་ཀྱི་གླུ། ཆང་བསྙལ་བའི་གླུ་སོགས་ལེན་པ་དང་། ས་ཁུལ་ཁ་ཤས་སུ་བསྟུད་མར་ཉིན་དྲུག་དང་བདུན་ལ་ལེན་པ་དང་། ཉིན་མཚན་མི་དབྱེ་ཞིང་གླུ་ཚིག་བསྐྱར་བཟློས་ཀྱང་མི་བྱེད། པུའུ་དབྱེ་རིགས་ཀྱི་ཟངས་ལས་གྲུབ་པའི་རྔ་བོ་ཆེ་ནི་ལོ་རྒྱུས་རིང་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་ཆས་ཤིག་ཡིན། རྔ་ནི་ཟངས་ཁོ་ནས་བླུགས་པ་དང་སྟེང་དུ་རི་མོ་སྣ་ཚོགས་ཀྱིས་བརྒྱན་ཡོད། གཞན་ད་དུང་ཁོ་ཚོའི་བཟོ་རྩལ་མཛེས་རིས་ནི་དེ་བས་ཀྱང་མིང་གྲགས་ལྡན་པ་ཞིན་ཡིན། དཔེར་ན། ལཱ་ཡིས་ཚོན་རྒྱག་པའི་ལག་རྩལ་ནི་མེས་རྒྱལ་རིག་གནས་སྒྱུ་རྩལ་བང་མཛོད་ཁྲོད་ཀྱི་རིན་ཆེན་ནོར་བུ་རུ་གྱུར་ཡོད་ལ་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཡོད། 

  པུའུ་དབྱི་རིགས་ཀྱིས་མགྲོན་པོ་ཁྱིམ་དུ་ཡོང་ན་ནི་རང་ཉིད་ཀྱི་གཟི་བརྗིད་ལ་བརྩི་ཞིང་། ཆང་འབྲས་ནི་ཁོ་ཚོས་ཧ་ཅང་དགའ་བའི་ཟས་རིགས་ཤིག་ཡིན་པ་དང་། ཁོ་ཚོའི་སྲོལ་རྒྱུན་གྱི་དུས་ཆེན་ནི་ལོ་སར་དང་། ཟླ་གསུམ་པའི་ཚེས་གསུམ་གྱི་དུས་ཆེན། ཟླ་དྲུག་པའི་ཚེས་དྲུག་གི་དུས་ཆེན་སོགས་ཡོད། དུས་ཆེན་སྐབས་སུ་གླུ་ལེན་གར་རྩེ་བྱས་ནས་འཚོ་བ་གསར་བར་བཅངས་པའི་སྨོན་འདུན་དང་། འབྲུ་རིགས་སྣ་ལྔ་འཕེལ་བའི་རེ་འདུན་མཚོན་བཞིན་ཡོད། 


མཉམ་སྤྱོད།