དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏ་ཝོར་རིགས།

2022-12-29 15:11:54   |   350

ཏ་ཝོར་རིགས(达斡尔族)ནི་གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན་སོགས་སུ་འདུས་སྡོད་བྱས་ཡོད་ལ་ཞིན་ཅང་གི་ཐ་ཁྲིན་རྫོང་དུའང་ཐ་ཐོར་དུ་གནས་ཡོད། ཁྱོན་སྡོམ་མི་གྲངས131990ལྷག་ཡོད། བཅིངས་འགྲོལ་བྱས་རྗེས་རང་མི་རིགས་ཀྱི་འདོད་པ་ལྟར“ཏ་ཝོར་རིགས”ཞེས་མིང་བཏགས། 

མི་རིགས་དེའི་སྐྱེས་པ་ཚོས་དབྱར་ཁར་རས་ལྭ་གོན་པ་དང་སྐ་རགས་བཅིངས་པ། མགོ་རས་དཀར་བོ་དཀྲི་བ་རེད། དགུན་ཁར་སློག་པ་དང་རྣ་གཉིས་གྱེན་དུ་འགྲེང་བའི་ཝ་ཞྭ། ཡུ་ཐུང་འཇུར་རྟ་སོགས་གོན་པ་དང་། སྐྱེས་མ་ཚོས་ལྭ་རིང་སྔོན་པོ་གོན་པ་དང་དགུན་ཁར་ཡུ་ཐུང་འཇུར་རྟ་གོན་པ་རེད། ལོ་སར་དང་དུས་སྟོད་ལ་རོལ་སྐབས་མདོག་སྣ་ཚོགས་ཀྱི་གོས་ལྭ་གོན་པ་དང་ཕྱི་རུ་ཕལ་ཆེར་མན་ཇུ་རིགས་ཀྱི་ཁན་སྦྱར་འདྲ་བ་ཞིག་གོན་རེད། སྐྱེས་མ་དར་མ་ཁག་ཅིག་གིས་དུ་དུང་མན་ཇུ་རིགས་ཀྱི་སྐྲ་ལོའི་བཟོ་ལྟ་སོར་བཞག་བྱས་ཡོད། 

ཏ་ཝོར་རིགས་ལ་རང་མི་རིགས་ཀྱི་ཡི་གེ་མེད་ཅིང་ཡོངས་ཁྱབ་ཏུ་རྒྱ་ཡིག་བཀོལ་བཞིན་ཡོད། ཁོ་ཚོའི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་གཉིས་ཡིན།  རྒྱལ་ཁབ་བཙུགས་རྗེས། ཏ་ཝོར་རིགས་ལ་རྩོམ་རིག་པ་མང་བོ་ཞིག་བྱུང་ཡོད་ཅིང་། དེ་དག་གིས་ཏ་ཝོར་རིགས་ཀྱི་རྩོམ་རིག་དང་རྒྱའི་རྩོམ་རིག་བར་ན་འབྲེལ་བ་དམ་པོ་ཡོད་པར་བརྟེན་ནས་རྒྱའི་གནའ་རབས་སྒྲུང་གཏམ་མི་ཉུང་བ་ཞིག་རང་གི་མི་རིགས་ལ་མཚམས་སྦྱོར་བྱས་པ་རེད། གཞན་ཡང་ཏ་ཝོར་རིགས་ལ་མི་རབས་ནས་མི་རབས་བརྒྱུད་ཁྱད་ཆོས་ངོ་མཚར་ལྡན་པའི་དམངས་ཁྲོད་མཛེས་རྩལ་དང་གཙགས་དྲུབ། ཤོག་དྲས། དམངས་ཁྲོད་རྩེད་ཆས་སོགས་ཡོད། ཏ་ཝོར་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་དུ་སྟོན་མོ་བྱེད་དགོས་པར་མ་ཟད། གཉེན་སྟོན་ལ་ཤིས་ཚིག་རྒྱ་ཆེ་ཞིང་དོན་ལྡན་པ་ཞུ་དགོས། ཉིན་དེར་བག་མ་ཚང་གི་རྒན་པ་ཞིག་གིས་ར་མདའ་ཞིག་ཐོགས་ནས་མག་པར་མདའ་འདིས་རི་དྭགས་རྔོན་དུ་སོང་དང་ལག་ཡོང་ཆེན་པོ་ཡོད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད། ཏ་ཝོར་རིགས་ནི་རི་ཆུ་འཛོམས་སར་ཡོད་པ་དང་། སྡོད་ཁང་གི་བཟོ་སྐྲུན་ཚང་མ་མཛེས་ཤིང་གྲ་དག་ཡིན་ལ། སྡོད་ཁང་གི་མཁར་གྱང་ཕལ་ཆེར་ལྕང་ལྕུག་གིས་སླས་པའི་ར་སྐྱོར་ཡིན། 

ལོ་གསར་ཚེས་གཅིག་གི་ཉིན་དེར་ཏ་ཝོར་རིགས་ཀྱི་ན་གཞོན་ཚོས་ཕན་ཚུན་གྱི་ངོ་ལ་དྲི་མག་བསྐུ་རེས་བྱས་ནས་ལོ་ལེགས་དང་དུས་ཆེན་སྔོན་བསུ་བྱེད་པ་དང་རྒན་པ་རྣམས་ཁྱིམ་ཚང་རེ་རེས་གདན་འདྲེན་ཞུ་བ། སྐྱེས་མ་ཚོས་ཕན་ཚུན་ལ་ལེགས་སྐྱེས་འབུལ་བ་རེད། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ནི་འཁྱོག་དབྱུག་སྤོ་ལོ་འགྲན་པ་དང་སྐེ་ཤེད་འགྲན་པ་སོགས་ཡིན། 


མཉམ་སྤྱོད།