དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏེ་རིགས།

2022-12-29 15:12:58   |   348

ཏེ་རིགས(傣族)ལ་དེ་སྔ“ཏའེ་ན”དང“ཏའེ་ཡ”སོགས་ཀྱི་འབོད་ཚུལ་མང་བོ་ཞིག་ཡོད་ཀྱང་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཏེ་རིགས་མི་དམངས་ཀྱི་འདོད་བློ་ལྟར་ཏེ་རིགས་ཞེས་དངོས་སུ་གཏན་འབེབས་བྱས་ཤིང་ཏེ་རིགས་ཞེས་པ་ནི་རང་དབང་གི་མི་རིགས་ཞེས་པའི་དོན་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་ལི་ཧྲོང་པན་ན་ཏེ་རིགས་རང་སྐྱོང་ཁུལ་དང་ཏེ་ཧུང་ཏེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་བཅས་སུ་འདུས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས1261300ལྷག་ཡོད་ཅིང་མི་རིགས་རང་ལ་ཡི་གེ་ཡོད། 

ཏེ་རིགས་ཀྱི་སྐྱེས་པའི་གྱོན་གོས་ལ་ཁྱད་པར་དེ་འདྲ་མེད་ལ། མང་ཆེ་བས་གོང་མེད་ཐུ་ཆེན་དང་སྨད་ལ་རྐང་སྣམ་རིང་བོ་གོན་པ་དང་མགོ་ལ་རས་དཀར་དང་ཡང་ན་རས་སྔོན་དཀྲི། སྐྱེས་མ་ཚོས་སྟོད་ཐུང་གོན་ཞིང་ཁོག་སྨད་དུ་གཡོགས་རིང་བོ་གོན་པར་དགའ།

ཏེ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན། དེའི་ཁྲོད་དུ་དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག་ནི་ཏེ་རིགས་རྩོམ་རིག་ཁྲོད་ཀྱི་མིག་དབང་འཕྲོག་པའི་མུ་ཏིག་ལྟ་བུར་གྱུར་ཡོད། དཔེར་ན། ཚང་མར་རྒྱུས་མངའ་ཆེ་བའི་ཏེ་རིགས་ཀྱི་དོན་བརྗོད་སྙན་ངག《རྨ་བྱའི་སྲས་མོ》ཞེས་པ་དེ་ཨུ་རུ་སུའི་ཡི་གེ་ལ་བསྒྱུར་ཡོད་པར་མ་ཟད། བྲོ་གར་ད་གློག་བརྙན་དུའང་སྒྲིག་སྒྱུར་བྱས་ཡོད། ཏེ་རིགས་མི་དམངས་ཀྱི་འཚོ་བའི་ནང་གི་དགའ་སྤྲོའི་དོན་ཆེན་ཞིག་ཡིན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨྱུག་སྦུག་འབྲས་ནི(དེ་ནི་སྨྱུག་མའི་སྦུ་གུའི་ནང་དུ་འབྲས་རློན་བཅུག་ནས་ཁ་དམ་པོར་བསྡམས་རྗེས་མེར་བསྲེགས་པ་ལས་བྱུང་བ་ཞིག་གོ)ཏེ་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཟས་ཀྱི་རིག་གནས་ཡིན། ཁོ་ཚོ་གཉེན་སྒྲིག་བྱེད་པར་ཐོག་མར་ཆོས་ལུགས་བྱ་འགུལ་དང་དུས་ཆེན། གཞུང་སྒེར་གྱི་གསོལ་སྟོན་སོགས་ཀྱི་སྐབས་ན་གཞོན་ཕོ་མོ་ཚོས་སེམས་གཏམ་བཤད་པ་རྨང་གཞིར་བྱས་ཏེ་དགའ་རོགས་སྒྲིག་སྲོལ་ཡོད། ཁོ་ཚོའི་སྡོད་ཁང་མང་ཆེ་བ་སྨྱུག་མའི་ཐོག་ཁང་གིས་གྲུབ། ཏེ་རིགས་མི་དམངས་ལ་སྲོལ་རྒྱུན་གྱི་དུས་ཆེན་མང་བོ་སྟེ་ཆུ་རྩེད་དུས་ཆེན་དང་བྱེ་སྤུངས་དུས་ཆེན། སྒོ་གཏན་དུས་ཆེན་སོགས་ཡོད། ཁྱད་པར་དུ་ཆུ་རྩེད་དུས་ཆེན་ནི་ཁོ་ཚོས་ལོ་རྙིང་བ་ཕར་བསྐྱལ་ནས་ལོ་གསར་བ་ཚུར་བསུ་བའི་དུས་ཆེན་ཞིག་ཡིན་ལ། ཕོ་མོ་རྒན་གཞོན་ཚང་མས་སྣོད་ཅ་ལག་ནང་དུ་ཆུ་བཅུས་ནས་ཕན་ཚུན་ནམ་ཡང་ན་མགྲོན་པོ་སོགས་ཀྱི་ལུས་སྟེང་དུ་འཕོ་ཞིང་། སྤྲོ་ལྷང་ལྷང་ངང་ཆུ་ཡི་གཟེགས་མ་གང་སར་གཏོར་བ་དེས་བཀྲ་ཤིས་བདེ་སྐྱིད་མཚོན་པ་རེད། ཏེ་རིགས་མི་དམངས་གནའ་སྔ་མོ་ནས་བཟུང་རྨ་བྱར་དགའ་ཞིང་རྨ་བྱ་ནི་ཁོ་ཚོའི་བཀྲ་ཤིས་ཀྱི་མཚོན་རྟགས་ཡིན་ལ་སྲོལ་རྒྱུན་གྱི་ལས་རྩལ་བྱ་འགུལ་ནང་དུའང་རྨ་བྱའི་ཉམས་འགྱུར་ལ་གཞིགས་ནས་གསར་བཏོད་བྱས་པའི་རྨ་བྱའི་དྲག་རྩལ་སོགས་ཡོད། 


མཉམ་སྤྱོད།