དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏེ་ཨང་རིགས།

2022-12-29 15:14:03   |   327

ཏེ་ཨང་རིགས(德昂族)ཀྱིས་རང་ཉིད་ལ“ཏ་ཨང”ཞེས་འབོད་པ་དང་། སྔོན་ཆད་མི་རིགས་དེར“པེང་ལུང་རིགས”ཞེས་འབོད་མོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1985ལོའི་ཟླ་དགུ་བར་ཆོག་མཆན་བཀོད་ནས“ཏེ་ཨང་རིགས”ཞེས་པར་མིང་བསྒྱུར། མི་རིགས་དེ་ཡུན་ནན་ཞིང་ཆེན་གྱི་ཏེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་དུ་གནས་ཡོད་ལ། ཁྱོན་སྡོམ་མི་གྲངས20550ལྷག་ཡོད། ཏེ་ཨང་རིགས་ལ་མི་རིགས་རང་གི་སྐད་ཆ་ཡོད་མོད་ཡི་གེ་མེད། མི་ཕལ་ཆེ་བས་རྒྱ་སྐད་དང་ཏེ་སྐད་བཤད་ཤེས། 

ཏེ་ཨང་རིགས་ཀྱི་གདུང་རྒྱུད་ཀྱི་འཕེལ་རིམ་མི་འདྲ་བའི་དབང་གིས་གྱོན་ཆས་ལའང་ཁྱད་པར་ཡོད། སྤྱིར་བཏང་དུ་སྐྱེས་མ་ཚོས་ཁོག་སྟོད་ལ་མདོག་སྔོན་པོ་དང་ནག་པོ་ཅན་གྱི་གཞུང་གཤགས་སྟོད་ཐུང་གོན་པ་དང་། ཁོག་སྨད་དུ་སྨད་གཡོགས་རིང་བོ་གོན། མགོར་མགོ་དཀྲིས་ནག་པོ་དཀྲི་ཞིང་དངུལ་གྱི་རྣ་ལུང་ཆེན་པོ་དང་མགུལ་རྒྱན་འདོགས་པར་དགའ། སྐྱེས་པ་ཚོས་གཞུང་གཤགས་སྟོད་ལྭ་དང་ཐུང་ཞིང་ཁོད་ཆེ་བའི་རྐང་སྣམ་གོན་པ་དང་། མགོ་དཀྲི་ནག་པོ་དཀྲིས་ཏེ་དངུལ་གྱི་རྣ་ལུང་དང་སྐེ་རྒྱན་འདོགས་པར་དགའ། 

 ཏེ་ཨང་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་གཏམ་རྒྱུད་ཡིན་ལ། དེའི་ཁྲོད་དུ་ལོག་སྤྱོད་དབང་སྒྱུར་པའི་ནག་ཉེས་ཐེར་འདོན་དང་། ངལ་རྩོལ་མི་དམངས་ཀྱི་འཚོ་བ་དང་བརྩེ་དུངས་ལ་གཟེངས་བསྟོད་བྱེད་པའི་དམངས་གླུ་དང་ལྷ་སྒྲུང་། གཏམ་རྒྱུད། ངག་རྒྱུན་གང་མང་མཆིས། དཔེར་ན། དམངས་ཁྲོད་གཏམ་རྒྱུད《སྦལ་བ་དང་གཙགས་དྲུབ་བུ་མོ》《ཡ་མཚན་པ་གསུམ》《ལོ་རྒྱུས་ཀྱི་དབྱངས་རྟ》སོགས་ཀྱིས་ངལ་རྩོལ་པའི་གཞུང་དྲང་བརྩོན་ལྡན་གྱི་གཤིས་རྒྱུད་ལ་བསྟོད་པ་བྱས་ཡོད་པས། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་མིའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པ་ཞིག་ཡིན། 

  ཏེ་ཨང་རིགས་ཀྱི་ན་གཞོན་ཕོ་མོས་དུས་ཆེན་དང་ཐུན་མོང་གི་རྩེ་ར་ཞིག་ནས་གླུ་ལེན་རེས་བྱས་པ་བརྒྱུད་ནས་ཕན་ཚུན་རྒྱུས་ལོན་བྱེད་ཅིང་། གལ་ཏེ་གཉི་གའི་འདོད་པ་གཅིག་ཐོག་ཏུ་སོང་རྗེས་ལེགས་སྐྱེས་བརྗེ་རེས་བྱས་ནས་གཉེན་སྒྲིག་གི་ཨ་ལུང་གཅིག་ཏུ་སྦྲེལ་བའི་དུས་ཚོད་གཏན་ཁེལ་བྱེད་པ་ཡིན། 

  ཆུ་གཏོར་དུས་ཆེན་ནི་ཏེ་ཨང་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། ཉིན་དེར་རྒན་པ་ཞིག་གིས་ཐོག་མར་ཆུ་ཟོའི་ནང་ནས་ཆུ་བསྒྲེས་པའི་མེ་ཏོག་ཆུན་པོ་ཞིག་བླངས་ཏེ་མཐའ་སྐོར་གྱི་མི་ཚོགས་ཁྲོད་དུ་ཆུ་ཉུང་ཙམ་གཏོར་རྗེས། ཆུ་ཟོ་ཡར་བཀྱགས་ཏེ་ཆུ་ཐིགས་རེ་རེ་བཞིན་དེར་བཞུགས་ཀྱི་ལོ་ན་ཆེས་བགྲེས་པ་རྣམས་ཀྱི་སྙིམ་པར་གཏོར་ཏེ་སྐུ་ལུས་བདེ་བའི་སྨོན་འདུན་ཞུ་ཞིང་། རྒན་པ་རྣམས་ཀྱིས་ཀྱང་ཆུ་སྙིམ་པར་བཟུང་ནས་ན་གཞོན་ཕོ་མོ་ཚོར་བཀྲ་ཤིས་པའི་ཁ་གཡང་འབོད། མཛད་སྒོ་དེ་རྫོགས་རྗེས། མི་རྣམས་ཆུ་མིག་གི་འགྲམ་དང་ཡང་ན་ཆུ་བོའི་འགྲམ་དུ་ཕྱིན་ཏེ་གླུ་ལེན་གར་རྩེ་བྱེད་པར་མ་ཟད། ད་དུང་དྲག་རྩལ་འཁྲབ་སྟོན་ཡང་བྱེད་པ་ཡིན་ནོ། །



མཉམ་སྤྱོད།