དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏུང་ཞང་རིགས།

2022-12-29 15:16:25   |   315

ཏུང་ཞང་རིགས(东乡族)ནི་གཙོ་བོ་ཀན་སུའུ་ཞིང་ཆེན་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་ཅིང་། ཀན་སུའུ་ཞིང་ཆེན་ལན་ཀྲིག་གྲོང་ཁྱེར་དང་། ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་བཅས་སུའང་ཐ་ཐོར་དུ་གནས་ཡོད། མི་རིགས་དེ་གཙོ་བོ་ཧོ་ཀྲིག(ད་ལྟའི་ཀན་སུའུ་ལིན་ཞ་ས་ཁུལ)ཏུང་ཞང་ས་ཁུལ་དུ་འདུས་སྡོད་བྱས་ཡོད་པས་མིང་ལ་ཏུང་ཞང་རིགས་ཞེས་བཏགས། ཁྱོན་སྡོམ་མི་གྲངས621500ལྷག་ཡོད་ལ། ཏུང་ཞང་སྐད་རིགས་བཀོལ་བ་ལས་མི་རིགས་རང་ལ་ཡི་གེ་མེད་ཅིང་། ཡོངས་ཁྱབ་ཏུ་རྒྱ་ཡིག་བཀོལ་བཞིན་ཡོད།

མི་རིགས་དེའི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ཐུང་གོན་པ་དང་། ཕྱི་རུ་གོང་གོར་ཁན་སྦྱར་གོན་ཞིང་། མགོར་ཞྭ་རིལ་དཀར་བོ་གོན་པ་རེད། སྐྱེས་མ་ཚོས་གཡས་གཤགས་ལྭ་རིང་གོན་པ་དང་། གཞོན་ནུ་མ་ཚོས་ཕུར་ཁར་མེ་ཏོག་གཙགས་ཡོད་པ་དང་ཕྱི་ལ་ཁན་སྦྱར་གོན་ཞིང་། མགོར་ཞྭ་གོར་གོན་པ་དང་ཞྭ་ཀླད་ནི་ལྗང་ཁུའང་སྔོན་པོ་ཡིན། ཞྭ་འདབས་སུ་མདོག་དམར་བོའམ་ལྗང་ཁུའི་ལྟེབ་རིས་ཡོད་ཅིང་། ལོགས་གཉིས་སུ་མདོག་ལྡན་སྐུད་སྣེ་གཉིས་བསྣར་ནས་སྐུད་སྣེའི་སྟེང་ལ་ཕྲེང་རྡོག་བརྒྱུས་ཡོད། 

ཏུང་ཞང་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། དོན་བརྗོད་སྙན་ཚིག་རིང་བོ《མུས་ལ་ནག་ཆུང》དང་《རྒུན་འབྲུམ་བུ་མོ》སོགས་ཀྱིས་ན་གཞོན་ཕོ་མོའི་བརྩེ་དུངས་མཚོན་ཤིང་། གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་མིའི་ཡིད་སེམས་དབང་མེད་དུ་འཕྲོག་ནུས། ཁྱད་པར་དུ་ཏུང་ཞང་རིགས་ཀྱི་གཞས་ནི་ངལ་རྩོལ་མི་དམངས་ཚོས་ཆེས་དགའ་བོ་བྱེད་པའི་སྒྱུ་རྩལ་གྱི་མེ་ཏོག་ཆུན་པོ་ཞིག་ཡིན། 

ཏུང་ཞང་རིགས་མགྲོན་པོར་ཧ་ཅང་དགའ། ཁྱིམ་བདག་གིས་སྐུ་མགྲོན་ལ་སྣེ་ལེན་བྱེད་ན། སྤྱིར་བཏང་དུ་མགྲོན་པོ་དང་མཉམ་ཟ་མཉམ་འཐུང་མི་བྱེད་པར། མགྲོན་པོའི་འགྲམ་དུ་ལངས་ནས་སྣེ་ལེན་ཁོ་ན་བྱེད། དེ་ཡིས་མགྲོན་པོར་རྩིས་བཀུར་གང་ལེགས་བྱེད་པའི་རྣམ་པ་མཚོན་ནོ།། ཏུང་ཞང་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་ཁྲོད་དུ“སྙེས་འབོག་རྩེ་བ”ཞེས་པའི་ལུགས་སྲོལ་ཞིག་ཡོད་དེ། གཉེན་སྒྲིག་གི་ཉིན་དེར་མག་གསར་གྱིས་མནའ་མ་རང་ཁྱིམ་དུ་འཁྲིད་པ་དང་། སྡེ་བའི་ཕོ་མོ་རྒན་གཞོན་ཚང་མའི་ལག་བདེ་མིན་ལ་བལྟ་རུ་ཡོང་བ་ཡིན་པས། སྙེས་འབོག་སྟེང་གི་རི་མོའི་བཟང་ངན་དེར་ཧ་ཅང་ཡིད་འཇོག་བྱེད་པ་རེད། གལ་ཏེ་རི་མོ་ལེགས་ན་ཚང་མས་གླུ་བླངས་ནས་མནའ་མར་བསྟོད་བསྔགས་བྱེད་དོ།། 

ཏུང་ཞང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ནི་ཧོས་རིགས་དང་གཅིག་མཚུངས་ཡིན། ཁོ་ཚོའི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་རྡོ་འཕེན་འགྲན་སྡུར་དང་ཤེད་ཀྱིས་ལྕགས་རིལ་འདེགས་པ་སོགས་ཡོད། 


མཉམ་སྤྱོད།