དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏུང་རིགས།

2022-12-29 15:19:09   |   335

ཏུང་རིགས(侗族)ནི་ཀོས་ཀྲིག་དང་ཧུའུ་ནན། ཀོང་ཞི་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ས་ཁུལ་དུ་ཁྱབ་ཡོད། ཁྱོན་སྡོམ་མི་གྲངས2879970ལྷག་ཡོད། སྔོན་ཆད་མི་རིགས་རང་ལ་ཡི་གེ་མེད་ཅིང་རྒྱ་ཡིག་བཀོལ་སྤྱོད་བྱེད། 1958ལོར་ཏུང་ཡིག་གསར་བཟོ་བྱས། ཏུང་རིགས་སྐྱེས་པ་ཚོས་བྲང་གཤགས་ལྭ་ཐུང་དང་རྐང་སྣམ་རིང་བོ་གྱོན་པ་དང་། མགོར་རས་དཀྲིས་བརྒྱབ་ཡོད། བུ་མོ་ཚོས་བྲང་གཤགས་ལྭ་རིང་གོང་མེད་དང་སྒྲོག་གུ་མེད་པའི་གོན་པ་གོན། མཛུབ་དཀྲིས་དང་ལག་གདུབ་སོགས་འདོགས་པར་ཧ་ཅང་དགའ། 

ཏུང་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ལས་གྲུབ། ཏུང་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ནི་དམངས་ཁྲོད་རྩོམ་རིག་གྲུབ་པའི་ཆ་ཤས་གལ་ཆེན་ཞིག་ཡིན། དེའི་ཁྲོད་དུ《ཉང་མའེ》དང《ལིའུ་མའེ》སོགས་ཀྱིས་ཏུང་རིགས་མི་དམངས་འཚོ་བར་དགའ་ཞིང་མ་འོངས་པར་སྨོན་པའི་འདུན་པ་མཚོན། བཅིངས་འགྲོལ་བྱས་རྗེས་འཚར་ལོངས་བྱུང་བའི《རླབས་ཆེན་གྱི་མེས་རྒྱལ། མཛེས་སྡུག་ལྡན་པའི་ཏ་ཡའོ་རི་བོ》  སྒྲུང་ཐུང《གུང་ཁྲན་ཏང་སླར་ཡང་ཕེབས》ཞེས་པ་བཅས་ཀྱིས་ཀྲུང་གོའི་དེང་རབས་རྩོམ་རིག་ལོ་རྒྱུས་སྟེང་ཐེངས་དང་པོར་ཏུང་རིགས་མི་དམངས་ཀྱི་འཚོ་བ་དང་འཐབ་རྩོད་མཚོན་པ་རེད། 

ཏུང་རིགས་མི་དམངས་ལ་དམངས་ཁྲོད་ཀྱི་ལག་བཟོའི་སྒྱུ་རྩལ་ཧ་ཅང་མང་། དེའི་ཁྲོད་དུ་གཙགས་གྲུབ་དང་འཁེལ་འཐག  འདྲ་རིས། བརྐོས་རིས་སོགས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ཡོད་པར་མ་ཟད། ལག་རྩལ་དང་བཀོལ་སྤྱོད་ཀྱི་རིན་ཐང་ཧ་ཅང་ཆེ། གཞན་བཟོ་སྐྲུན་སྒྱུ་རྩལ་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ཏུང་རིགས་མི་དམངས་ནི་མགྲོན་པོར་ཧ་ཅང་དགའ། ཁོ་ཚོས་མགྲོན་པོར་ཆང་དང་བྱ་ཤས་མགྲོན་བསུ་བྱེད་པ་དང་། བྱ་མགོ་དང་བྱ་རྐང་སོགས་མགྲོན་ལ་འབུལ་བ་ནི་ཆེས་བཀུར་བའི་རྟགས་ཡིན། ཁོ་ཚོས་གཉེན་སྒྲིག་བྱེད་སྐབས་དཔལ་འབར་སྦར་ནས་གཉེན་བསུ་བ་དང་མི་ཚེ་གང་བོར་སྐྱེས་སྐར་ཐེངས་གསུམ་ལ་རོལ། ཏུང་རིགས་ལ་ཤོག་སྦག་དུས་ཆེན་ཡོད་ལ་ས་གནས་སོ་སོ་གཅིག་མཐུན་མིན། དེ་མིན“གླུའི་འགྲན་ཚོགས”འཚོགས་ནས་གླུ་འགྲན་རེས་བྱེད་པ་དང་། མཐར་གླུའི་རྒྱལ་པོ་བདམས་ནས་དེར་གུས་བཀུར་བྱེད་པ་རེད། 

ཏུང་རིགས་མི་དམངས་ཀྱིས་ཐུན་མོང་གི་བྱ་གཞག་ལ་ཧ་ཅང་གཙིགས་ཆེན་བྱེད། ཁོ་ཚོས་མི་བཟང་དོན་བཟང་སྒྲུབ་པ་ནི་མིང་དང་རྣམ་པ་ཙམ་མིན་པར་རྒྱུན་པར་སྤེལ་བའི་ལས་འགུལ་ཞིག་རེད། དེ་བས། ཏུང་རིགས་ས་ཁུལ་དུ“ཆུ་ཡོད་ན་ཟམ་པ་ཡོད། རིར་འགོས་ན་ལམ་ཡོད་ངེས”ཅེས་པའི་དཔེ་མཆིས། ཏུང་རིགས་ས་ཁུལ་གྱི་རྔ་ཁང་དང་ལྡིང་དང་སོགས་ཀྱང་ཕལ་ཆེར་མི་ཚང་མས་རང་འགུལ་གྱིས་བཟོས་པ་ཡིན།


མཉམ་སྤྱོད།