དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏུའུ་ལུང་རིགས།

2022-12-29 15:20:13   |   327

ཏུའུ་ལུང་རིགས(独龙族)ཀྱིས་རང་ཉིད་ལ“ཏུའུ་ལུང”ཞེས་འབོད་པ་དང་། མི་རིགས་གཞན་གྱིས“ཆིའུ་རེན”དང“ཆིའུ་ཙི”ཞེས་འབོད། བཅིངས་འགྲོལ་རྗེས་སུ། ད་གཟོད་“ཏུའུ་ལུང་རིགས”ཞེས་གཏན་ཁེལ་བྱས། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཀུན་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་དང་ཏུའུ་ལུང་གཙང་བོའི་འབབ་རྒྱུན་དུ་གནས་ཡོད། ཁྱོན་སྡོམ་མི་གྲངས6930ལྷག་ཡོད། ཏུའུ་ལུང་རིགས་ལ་མི་རིགས་རང་གི་ཡི་གེ་མེད་མོད། སྐད་རིགས་ནི་ཏུའུ་ལུང་སྐད་འཆད་བཞིན་ཡོད། ཏུའུ་ལུང་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་མདོག་དཀར་ནག་བསྣོལ་མར་འདྲེས་པའི་སེང་རས་ཀྱི་སྟོད་ལྭ་དང་ཁོག་སྨད་ལ་རྐང་སྣམ་ཐུང་ཐུང་གྱོན་པ་དང་། རས་དུམ་ཞིག་ཕྲག་གཡས་ནས་མཆན་འོག་བརྒྱུད་ནས་བྲང་མདུན་དུ་བསྣར་ཡོད་ལ། ཉིན་དཀར་གྱོན་པ་དང་དགོང་མོར་མལ་གོས་བྱས་ཆོག མདའ་དང་མདའ་ཤུབས།  གྲི་སོགས་འདོགས་རྒྱུར་དགའ་བ་ནི་ཏུའུ་ལུང་རིགས་ཀྱི་སྐྱེས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། སྐྱེས་མ་རྣམས་ཀྱི་གྱོན་གོས་ཕལ་ཆེར་སྐྱེས་པ་དང་འདྲ་མཚུངས་ཡིན། ཏུའུ་ལུང་རིགས་ཀྱི་ངག་ཐོག་གི་རྩོམ་རིག་ལ་གཙོ་བོ་ལྷ་སྒྲུང་དང་གཏམ་རྒྱུད། གནའ་གཏམ། དམངས་གླུ་སོགས་རྩོམ་རིག་རྣམ་པ་དུ་མ་ཡོད་ལ། ལྷ་སྒྲུང་གིས་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། དོན་བརྗོད་སྙན་ངག《སྲིད་པ་ཆགས་གླུ》སོགས་ཀྱིས་ཏུའུ་ལུང་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་མཚོན་ཡོད། ཏུའུ་ལུང་རིགས་ནི་མཐའ་འཁོབ་ཀྱི་ལུང་ཤུར་ས་ཁུལ་དུ་འདུས་སྡོད་བྱས་ཡོད་རྐྱེན། འགྲིམ་འགྲུམ་སྟབས་བདེ་མིན་ཞིང་རིག་གནས་དཔལ་འབྱོར་ཅུང་རྗེས་ལུས་ཡིན་པས། ཁོ་ཚོའི་གཉེན་སྒྲིག་གི་ཕྱོགས་ལ་གདོད་མའི་དུས་ཀྱི་ཤུགས་རྐྱེན་ཐེབས་ཏེ་གཉེན་ཉེའི་བར་དུ་གཉེན་སྒྲིག་བྱེད་པའི་ལུགས་སྲོལ་ཆགས་ཡོད་མོད། འོན་ཀྱང་བཅིངས་གྲོལ་བྱས་ཏེ་རིག་གནས་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ས་ཁུལ་དེར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གནའ་བོའི་གཉེན་ཉེའི་བར་གཉེན་སྒྲིག་པའི་ལུགས་སྲོལ་དེའང་མ་དོར་རང་འཐོར་དུ་སོང་ཡོད། ཏུའུ་ལུང་རིགས་ཀྱི་ཟ་མ་གཙོ་བོ་ནི་མ་རྨོས་ལོ་ཏོག་དང་འབྲས་ཡིན་ལ། འཚོ་བའི་ཁྲོད་དུ་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ཆང་འཐུང་བར་དགའ། མི་རིགས་དེས་སྒོ་ཟོག་གསོ་བ་ཅུང་འཕྱི་སྟབས། ཕལ་ཆེར་སྨན་རྩྭ་དང་པགས་རིགས་ཁྱེར་ནས་འཇང་དང་བོད་སོགས་སྤུན་ཟླ་མི་རིགས་ཀྱི་ལག་ནས་འབྲི་གཡག་དང་ཕག ཁྱིམ་བྱ་བཅས་བརྗེ་རེས་བྱེད་ཀྱིན་ཡོད།

 རི་དྭགས་རྔོན་པ་ནི་ཏུའུ་ལུང་རིགས་ཀྱི་ཐོན་སྐྱེད་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། ད་ལྟ་ཁོ་ཚོའི་ལུས་རྩལ་བྱ་འགུལ་ཞིག་ཏུའང་གྱུར་ཡོད། ལུགས་གསར་གྱི་ཟླ11པ་ནས་ཟླ12པའི་བར་དུ་ཁོ་ཚོས་ཉིན་གསུམ་ནས་ལྔའི་བར་ལ་ལོ་སར་གྱི་དུས་ཆེན་ལ་རོལ་པ་ཡིན། ཉིན་དེ་དག་གི་ནང་དུ་སྡེ་བ་སོ་སོ་ཆབས་ཅིག་ཏུ་འདུས་ཏེ་གླུ་ལེན་གར་རྩེ་བྱེད་པ་དང་ཕྱི་ལོར་ལོ་ལེགས་འབྱུང་བ་དང་མི་ཕྱུགས་དར་བར་སྨོན་འདུན་ཞུ་བའི་མཛད་སྒོ་སྤེལ་གྱིན་ཡོད། 

ཏུའུ་ལུང་རིགས་ཀྱིས་སྐྱེས་དངོས་ཀུན་ལ་བླ་སྲོག་ཡོད་པར་འདོད་ཅིང་རང་བྱུང་ཁམས་ལ་དད་པ་བྱེད་པ་ཡིན། 


མཉམ་སྤྱོད།