དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་རིགས།

2022-12-29 15:21:16   |   308

ཨུ་རུ་སུའི་རིགས(俄罗斯族)ནི་གཙོ་བོ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དབྱི་ལི་དང་ཐ་ཁྲེང་། ཨ་ལེ་ཐེ། ཝུའུ་ལུའུ་མུའུ་ཆི་སོགས་ས་ཁུལ་དུ་གནས་ཡོད་ཅིང་། ཧེ་ལུང་ཅང་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་སོགས་སུའང་ཐར་ཐོར་དུ་གནས་ཡོད། ཁྱོན་སྡོམ་མི་གྲངས15390ལྷག་ཡོད། གོ་མིན་ཏང་གིས་ཞིན་ཅང་ལ་དབང་བསྒྱུར་བའི་སྐབས་སུ་མི་རིགས་དེར“ཀུའེ་ཧྭ་རིགས”ཞེས་འབོད་ཅིང་། བཅིངས་འགྲོལ་བྱས་རྗེས་མིང་བསྒྱུར་ནས“ཨུ་རུ་སུ”ཞེས་བཏགས། མི་རིགས་དེས་ཨུ་རུ་སུའི་སྐད་ཆ་ཤོད་བཞིན་ཡོད་པ་དང་སྤྱི་ཁྱབ་ཀྱིས་ཨུ་རུ་སུའི་ཡི་གེ་བཀོལ་བཞིན་ཡོད་པ་ལས་གཞན། རྒྱ་ཡིག་དང་ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ་སོགས་བཀོལ་བཞིན་ཡོད། 

ཨུ་རུ་སུའི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་གྱོན་ཆས་ཚང་མ་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཨུ་རུ་སུའི་རིགས་དང་ཕལ་ཆེར་འདྲ་མཚུངས་ཡིན། ན་གཞོན་སྐྱེས་པ་ཚོས་ཕྱི་གླིང་པའི་གྱོན་ཆས་གོན་པ་དང་མགོ་ལ་ཞྭ་མོ་ཁ་ལེབ་དང་། རྐང་ལ་འཇུར་རྟ་ཡུ་རིང་གོན་པར་དགའ། སྐྱེས་མ་ཚོས་ཁོད་ཆེ་ཞིང་སྟོད་སྨད་འབྲེལ་བའི་སྨད་གཡོགས་གོན་པ་དང་། མདོག་ནག་པོ་དང་དམར་བོ་ཅན་གྱི་འཇུར་རྟ་ཡུ་རིང་གོན། 

ཨུ་རུ་སུའི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ནི་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། གླུ་གཞས《འཕུར་ཟིན་པའི་ཁུག་རྟ》དང《བྱིས་པ་དང་བྱིའུ》སོགས་ལ་དགོད་བྲོ་ཉམས་མཚར་གྱི་ཁྱད་ཆོས་ལྡན་པར་མ་ཟད། རྩོམ་རིག་གི་རིན་ཐང་དང་དམངས་སྲོལ་གྱི་རིན་ཐང་ངེས་ཅན་ཞིག་ཀྱང་ལྡན་པ་རེད། དམངས་ཁྲོད་གཏམ་རྒྱུད《ཕུ་ནུ་རྒན་པ་གཉིས》ཞེས་པར་མི་རིགས་རང་གི་འཚོ་བའི་ཁྱད་ཆོས་འབུར་དུ་ཐོན་ཞིང་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་ཆེ་བའི་མོས་འདུན་གསལ་བོར་མཚོན་ཡོད། འཚོ་བའི་གོམས་སྲོལ་ཐད་དུ་རང་རྒྱལ་གྱི་ཨུ་རུ་སུ་རིགས་དང་ཕྱི་རྒྱལ་གྱི་ཨུ་རུ་སུ་རིགས་གཉིས་ཕལ་ཆེར་འདྲ་མཚུངས་ཡིན་མོད། འོན་ཀྱང་རྒྱ་རིགས་དང་ཡུ་གུར་རིགས། ཧ་སག་རིགས། སོག་རིགས་སོགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཁོ་ཚོའི་བཟའ་བཏུང་གཙོ་བོ་ནི་སྔོ་ཚོད་ཀྱི་ཁུ་བ་མངར་མོ་དང་ཞོ། ཉའི་རིགས་དང“ཁོ་ཝ་སི”ཞེས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཏུང་རྫས་སོགས་ཡོད། དུས་སྟོན་སོགས་ལ་བག་ལེབ་ཆེན་པོ་དང་སྦྲང་རྩིས་བཟོས་པའི་ཟས་རིགས་སྣ་ཚོགས་ཟ་བར་དགའ། 

ཨུ་རུ་སུ་རིགས་ཀྱི་མི་ཕལ་ཆེ་བས་ཏུང་ཀྲེང་ཆོས་ལུགས་ལ་དད་པ་བྱེད་ཅིང་། མཆོད་བཀུར་གྱི་གོམས་སྲོལ་ཕྱི་རྒྱལ་གྱི་ཨུ་རུ་སུ་དང་ཕལ་ཆེར་འདྲ་མཚུངས་ཡིན། 


མཉམ་སྤྱོད།