དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨོ་ལུན་ཁྲུན་རིགས།

2022-12-29 15:21:56   |   286

ཨོ་ལུན་ཁྲུན་རིགས(鄂伦春族)ནི་གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན་བར་གྱི་ཞིན་ཨན་ལིན་ཆེ་ཆུང་གི་གནས་གཉིས་སུ་ཐོར་སྡོད་བྱས་ཡོད་ལ། ཁྱོན་སྡོམ་མི་གྲངས8650ལལྷག་ཡོད། ཨོ་ལུན་ཁྲུན་ལ་མི་རིགས་རང་གི་ཡིག་རིགས་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད། 

ཨོ་ལུན་ཁྲུན་ཕོ་མོ་ཀུན་གྱིས་སློག་པ་གྱོན་པ་དང་། ཕུར་ཁ་དང་གོང་ཁ་རྣམས་མཛེས་རིས་རྣམ་པར་བཀྲ་བའི་གོས་ཀྱིས་གཡོགས་ཤིང་། མགོར་ཀོ་ཞྭ་དང་རྐང་ལ་འཇུར་རྟ་ཡུ་རིང་གྱོན་པ་རེད། བཅིངས་འགྲོལ་རྗེས་སུ་གྱོན་གོས་ལ་འགྱུར་ལྡོག་བྱུང་ནས་ཕལ་ཆེར་རྒྱ་རིགས་དང་གཅིག་འདྲ་ཡིན། 

ཨོ་ལུན་ཁྲུན་གྱི་རྩོམ་རིག་གཙོ་བོ་ནི་ངག་ཐོག་གི་རྩོམ་རིག་ཡིན་ཞིང་། ལྷ་སྒྲུང《ཨེན་ཏུའུ་ལེ་ཡིས་ཨོ་ལུན་ཁྲུན་གསར་གཏོད་བྱས་པ》ཞེས་པ་དང་། ངག་རྒྱུན《ཞིན་ཨན་ལིན་དང་ཀན་ཧོ་ཆུ་བོའི་ངག་རྒྱུན》དམངས་ཁྲོད་གཏམ་རྒྱུད《ཆི་ཐ་ཧ་ཡི་གཙུག་སྒྲོ་ནག་པོ》ཞེས་པ་སོགས་ཀྱིས་མི་རིགས་རང་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྣམ་པ། ཐོན་སྐྱེད་བྱེད་ལུགས། ཡུལ་སྲོལ་གོམས་འདྲིས་སོགས་མཚོན་པས། ནང་དོན་བབ་ཆགས་ཤིང་གཏིང་ཟབ་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།  ཨོ་ལུན་ཁྲུན་རིགས་ལ་རྒན་བཀུར་ཆུང་བྱམས་དང་མགྲོན་པོར་བརྩི་བཀུར་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད། མགྲོན་པོ་ཁྱིམ་དུ་སླེབ་པ་ན་ཟས་གང་བཟང་གིས་སྣེ་ལེན་བྱེད་པར་མ་ཟད། གྱེས་ཁའང་དྲན་རྟེན་དུ་ལེགས་སྐྱེས་འབུལ་བ་ཡིན། ཁོ་ཚོའི་ཟས་གཙོ་བོ་གཅན་གཟན་གྱི་ཤ་ཡིན་པ་ལས་གཞན། འདབ་ཆགས་ཀྱི་ཤ་དང་ཉ་ཤ་སོགས་ཀྱང་ཟ་བར་དགའ། གཉེན་སྒྲིག་བྱེད་སྐབས་ངེས་པར་དུ་ཐོག་མར་གཉེན་སློང་བ་དང་དེ་ནས་གཉེན་ཉེའི་ངོས་འཛིན་པ། ལེགས་སྐྱེས་འབུལ་བ། གཉེན་བསུ་བྱེད་པ་བཅས་རིམ་པ་གཙོ་བོ་བཞི་བརྒྱུད་དགོས། མདའ་འཕེན་པ་ནི་ཨོ་ལུན་ཁྲུན་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན།


མཉམ་སྤྱོད།