དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨོ་ཝུན་ཁེ་རིགས།

2022-12-29 15:24:20   |   398

ཨོ་ཝུན་ཁེ་རིགས(鄂温克族)ནི་གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ལིང་ཞིང་ཆེན་དུ་སོག་རིགས་དང་རྒྱ་རིགས། ཏ་ཝོར་རིགས་བཅས་མི་རིགས་གཞན་དང་འདྲེས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས30875ལྷག་ཡོད། ཨོ་ཝུན་ཁེ་ཞེས་པ་ནི་རང་མི་རིགས་ཀྱི་འབོད་ཚུལ་ཞིག་ཡིན་ལ། དེ་ནི“ནགས་རིའི་ཁྲོད་དུ་གནས་པའི་མི”ཞེས་པའི་དོན་ཡིན། མི་རིགས་རང་ལ་ཡི་གེ་མེད་ཅིང་འབྲོག་ཁུལ་གྱིས་སོག་སྐད་འཆད་ཅིང་། རོང་ཁུལ་དང་རི་ཁུལ་དུ་རྒྱ་སྐད་བཤད་པ་ཡིན། 

 ཨོ་ཝུན་ཁེ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་སློག་པ་གོན་ཞིང་རྐང་ལ་འཇུར་རྟ་ཡུ་རིང་གོན། སྐྱེས་མ་རྣམས་ཀྱིས་གཞུང་གཤགས་ལྭ་རིང་གོན་པ་དང་གོང་བའི་སྟེང་དུ་མེ་ཏོག་གཙགས་ཡོད། ཁོག་སྨད་དུ་རྐང་སྣམ་རིང་བོ་གོན་པ་དང་རྐང་ལ་འཇུར་རྟ་ཡུ་རིང་དང་མགོར་ཀོ་ཞྭ་གྱོན། ཨོ་ཝུན་ཁེ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངོ་ངག་ཐོག་གི་རྩོམ་རིག་སྟེ། དེར་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དམངས་གླུ་སོགས་ཡོད། ལྷ་སྒྲུང་ལ《འཇིག་རྟེན་སྐྲུན་མཁན་ས་མན》དང《སྐར་མ་སྨེ་བདུན་གྱི་གཏམ་རྒྱུད》སོགས་ཨོ་ཝུན་ཁེའི་རིགས་ཀྱི་འབྱུང་ཁུངས་བརྗོད་པའི་ལྷ་སྒྲུང་དང་། དམངས་ཁྲོད་གཏམ་རྒྱུད《ཞིན་ཨན་ལིན་གྱི་གཏམ་རྒྱུད》དང《རྔོན་པ་དང་སྟག་རྒོད》སོགས་ཀྱིས་རབ་བཏགས་ཀྱི་རྩོམ་སྟངས་བཀོལ་ནས་ཨོ་ཝུན་ཁེ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་བློ་གྲོས་དང་གསར་རྩོམ་གྱི་ནུས་པ་མཚོན་ཡོད། ཁྱད་པར་དུ་དམངས་གླུ《ང་ཚོ་ནི་ནགས་རིའི་ཁྲོད་ཀྱི་མི་ཡིན》ཞེས་པ་ལ་མི་རྣམས་ཧ་ཅང་དགའ། གཞན་ཨོ་ཝུན་ཁེ་རིགས་ལ་ད་དུང་གཙགས་གྲུབ་དང་བརྐོས་རིས། རི་མོ་སོགས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད། 

ཨོ་ཝུན་ཁེ་རིགས་ཀྱིས་མགྲོན་པོ་ཁྱིམ་ལ་སླེབ་པ་ན་གནའ་བོའི་གོམས་སྲོལ་ལྟར་སྣེ་ལེན་བྱེད་པ་དང་། མགྲོན་པོ་ཕྱིང་གདན་སྟེང་དཀྱིལ་ཀྲུང་དུ་བསྡད་རྗེས་ཐོག་མར་ཤ་ཐུག་འདྲེན། དེ་ནི་མགྲོན་པོར་བརྩི་བཀུར་བྱེད་པའི་མཚོན་བྱེད་ཅིག་ཡིན། རི་དྭགས་རྔོན་པ་ནི་ཨོ་ཝུན་ཁེ་རིགས་ཀྱི་ཐོན་སྐྱེད་བྱ་འགུལ་གཙོ་བོ་ཡིན་པ་དང་རྟ་རྒྱུག་བྱེད་པ་ནི་ཁོ་ཚོའི་ལུས་རྩལ་འགྲན་སྡུར་གཙོ་བོ་ཞིག་ཡིན། ཨོ་ཝུན་ཁེ་རིགས་ནི་ཕྱུགས་ལས་གཙོ་བོ་གཉེར་བའི་མི་རིགས་ཤིག་ཡིན་པས་ནོར་ལྷ“ཅི་ཡ་ཆི”ནི་ཁོ་ཚོས་དད་པ་བྱེད་པའི་ལྷ་གཙོ་བོ་ཡིན་ལ། ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔའམ་ཟླ་དྲུག་པའི་ནང་མཆོད་བཀུར་རྒྱ་ཆེན་བྱེད་པ་ཡིན།


མཉམ་སྤྱོད།