དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧ་སག་རིགས།

2022-12-29 15:26:29   |   307

ཧ་སག་རིགས(哈萨克族)ཀྱི་འབྱུང་ཁུངས་ནི་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་དབྱི་ལིས་གཙང་བོའི་འབབ་རྒྱུད་ཀྱི“ཝུ་ཨུང”ཞེས་པ་དེ་ཡིན། དུས་ཡུན་རིང་བོར་མི་རིགས་གཞན་དག་གི་ཚོ་བ་དང་མཉམ་བསྲེས་བྱས་ནས་གྲུབ་པ་ཞིག་ཡིན། གཙོ་བོ་ཞིན་ཅང་ཡུ་གར་རང་སྐྱོང་ལྗོངས་ཀྱི་དབྱི་ལིས་ཧ་སག་རང་སྐྱོང་ཁུལ་དང་། མུ་ལེ་ཧ་སག་རང་སྐྱོང་རྫོང་། པ་ལིས་ཧྲིན་ཧ་སག་རང་སྐྱོང་རྫོང་བཅས་སུ་གནས་ཡོད། ཁྱོན་སྡོམ་མི་གྲངས1462580ལྷག་ཡོད་པ་དང་མི་རིགས་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་བཀོལ་བཞིན་ཡོད། ཧ་སག་རིགས་ཀྱི་སྐྱེས་པ་ཚོས་མདོག་ལྡན་མེ་ཏོག་ཅན་གྱི་གོང་བ་རིང་བའི་ནང་འཇལ་དང་ཕྱི་ལ་ཁན་སྦྱར་གོན་ཞིང་གྲི་ཆུང་འདོགས་པ་དང་ཁོག་སྨད་དུ་རྐང་སྣམ་རིང་བོ་གོན་པ། མགོར་སྒོར་ཞྭ་གྱོན་པ་རེད། སྐྱེས་མ་མང་བོས་མདོག་ལྡན་སྨད་གཡོགས་གོན་པ་དང་དངུལ་གྱི་རྒྱན་ཆ་འདོགས་ཤིང་། རྐང་ལ་འཇུར་རྟ་གོན་པར་དགའ། ཧ་སག་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ཀྱིས་གྲུབ། དམངས་ཁྲོད་རྩོམ་རིག་ལ་གནའ་བོའི་ལྷ་སྒྲུང་སྟེ《ཅ་ས་གན་གྱིས་འཇིག་རྟེན་བསྐྲུན་པ》དང《ཏམ་བུ་རའི་གཏམ་རྒྱུད》སོགས་ཡོད། དེ་དག་གིས་ཧ་སག་མི་དམངས་ཀྱི་རུ་སྤོ་བའི་འཚོ་བའི་ཁྱད་ཆོས་མངོན་འདུག བཅིངས་འགྲོལ་རྗེས་སུ་ཧ་སག་རིགས་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། སྒྲུང་གཏམ་འབྲིང་བ《བདེ་སྐྱིད་ཀྱི་ལམ་ཆེན་སྟེང་དུ》ཞེས་པ་དང《བཅིངས་པ་ལས་གྲོལ་བའི་བྲན་གཡོག》སོགས་རྩོམ་རིག་བརྩམས་ཆོས་མང་བོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་། 

ཧ་སག་རིགས་མགྲོན་པོར་ཧ་ཅང་དགའ་ཞིང་ཁྱིམ་ལ་མགྲོན་པོ་སླེབས་ཚེ་ལུག་བཤས་ཏེ་སྣེ་ལེན་བྱེད་པ་དང་ཡང་ན་རྟ་ཤས་སྣེ་ལེན་བྱེད། ཁོ་ཚོ་རྒོད་མའི་འོ་མས་བསྙལ་བའི་ཨ་རག་འཐུང་བར་ཧ་ཅང་དགའ། 

ཧ་སག་རིགས་ཀྱིས་ཕྱུགས་ལས་གཉེར་བཞིན་ཡོད་སྟབས་ཧ་ཅང་འབུབ་བདེ་བའི་ཕྱིང་ཁང་བཟོས་ཡོད་པ་དང་དེར་ཧ་སག་པོ་ཡང་ཟེར། བཅིངས་འགྲོལ་རྗེས་སུ་གཏན་སྡོད་ཁང་ཁྱིམ་སོགས་འཛུགས་སྐྲུན་གསར་བ་གང་མང་བྱུང་། ཁོ་ཚོས་ཕག་ཤ་མི་ཟ་ཞིང་ལུག་ཁྱུའི་ནང་ལ་རྟ་ཞོན་ནས་འགྲོ་བར་འཛེམ་པ་དང་། ན་གཞོན་ཚོས་རྒན་པའི་མདུན་ནས་ཆང་མི་འཐུང་ལ་ཟ་འཐུང་ཅ་ལག་ཐོག་བགོམ་མི་ཆོག་པ་སོགས་ཀྱི་གུས་སྲོལ་ཡོད། ལུག་འཛིན་པ་དང་བུད་མེད་བདའ་བ་སོགས་ཀྱི་ལུས་རྩལ་རྣམ་གྲངས་གང་མང་ཡོད། 


མཉམ་སྤྱོད།