དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་ཀྲེ་རིགས།

2022-12-29 15:27:19   |   298

ཧོ་ཀྲེ་རིགས(赫哲族)གཙོ་བོ་ཧེ་ལུང་ཅང་ཞིང་ཆེན་དུ་ཁྱབ་སྡོད་བྱས་ཡོད་ལ། ཁྱོན་སྡོམ་མི་གྲངས5350ལྷག་ཡོད། ཧོ་ཀྲེ་རིགས་ནི་མེས་པོ་ནས་བཟུང་ཧེ་ལུང་ཅང་གཙང་བོ་དང་སུང་ཧྭ་ཅང་གཙང་བོ། ཝོ་སུའུ་ལི་ཅང་གཙང་བོ་བཅས་ཀྱི་འབབ་རྒྱུད་དུ་འཚོ་སྡོད་བྱས་ཡོད། ཧོ་ཀྲེ་རིགས་ལ་མི་རིགས་རང་གི་ཡི་གེ་མེད་པས་སྤྱི་ཁྱབ་ཀྱིས་རྒྱ་ཡིག་བཀོལ་བཞིན་ཡོད། 

ཧོ་ཀྲེ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་གཅན་གཟན་གྱི་པགས་པའི་རིགས་ལས་བཟོས་པའི་ལྭ་རིང་གྱོན་པ་དང་སྐྱེས་མ་རྣམས་ཀྱིས་ཉ་ཞུན་དང་རི་དྭགས་ཤ་བའི་པགས་པས་བཟོས་པའི་ལྭ་རིང་གྱོན། བཅིངས་འགྲོལ་བྱས་རྗེས་སྐྱེས་ཕོ་མོའི་གྱོན་ཆས་ནི་ས་དེ་གའི་རྒྱ་རིགས་དང་ཁྱད་པར་མེད། 

ཧོ་ཀྲེ་རིགས་ལ་དམངས་ཁྲོད་རྩོམ་རིག་ཕུན་སུམ་ཚོགས་པ་ཡོད་དེ། 《ཡེ་མ་ཁན》ཞེས་པ་ནི་ཧོ་ཀྲེ་རིགས་ཀྱི་དམངས་ཁྲོད་ངག་ཐོག་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། རྩོམ་རིག་གི་རྣམ་པ་དེར་རང་རྒྱལ་བོད་རིགས་ཀྱི《གེ་སར་སྒྲུང》དང་ཕལ་ཆེར་གཅིག་མཚུངས་ཡིན་པ་དང་། རྩོམ་རིག་ཐད་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ལོ་རྒྱུས་རིག་པ་དང་མི་རིགས་རིག་པ། སྤྱི་ཚོགས་རིག་པ། སྐད་རིགས་རིག་པ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། 

ཧོ་ཀྲེ་རིགས་ཀྱི་ཟ་མ་གཙོ་བོ་ནི་ཉ་ཡིན་ལ། ཁོ་ཚོས་མགྲོན་པོ་བསླེབས་པ་ན་ཉ་ཤས་སྣེ་ལེན་བྱེད་པ་ནི་མགྲོན་པོར་ཆེས་བཀུར་བཟོས་བྱེད་པའི་མཚོན་བྱེད་ཅིག་ཡིན། གཉེན་སྟོན་གྱི་གོམས་སྲོལ་ལ་མན་ཇུ་རིགས་དང་རྒྱ་རིགས་ཀྱི་ཤན་ཞུགས་ཏེ། བཟའ་ཟླ་མང་ཆེ་ཤོས་གཞན་གྱིས་ངོ་སྤྲོད་བྱེད་པ་དང་ཕ་མས་གཏན་ཁེལ་བྱེད་པ་ཡིན།

ཧོ་ཀྲེ་རིགས་ཀྱི་དུས་ཆེན་གཙོ་བོ་ནི་ལོ་སར་ཡིན། རྩྭའི་ལྒང་ལི་འཛིན་པ་ནི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཞིག་ཡིན་ཏེ་དེ་ནི་ཉ་འཛིན་པ་ནས་དར་བ་ཞིག་རེད།


མཉམ་སྤྱོད།