དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ནུའོ་རིགས།

2022-12-29 15:28:47   |   288

ཅི་ནུའོ་རིགས(基诺族)ཞེས་པ་ནི་མི་རིགས་རང་གི་འབོད་མིང་ཡིན་ལ། ནང་དོན་ནི་ཨ་ཞང་གི་རྒྱུད་པ་དང་ཨ་ཞང་ལ་བཀུར་བཟོས་ཆེ་བའི་མི་རིགས་ཞེས་པའི་དོན་ཡིན་། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཞི་ཧྲོང་པན་ནའི་ཏའེ་རིསག་རང་སྐྱོང་ཁུལ་གྱི་ཅིན་ཧུན་རྫོང་ཅི་ནུའོ་ཡུལ་ཚོརུ་འདུས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས23140ལྷག་ཡོད། ཅི་ནུའོ་རིགས་ལ་རང་སྐད་ཡོད་མོད་ཡི་གེ་མེད། སྔོན་ཆད་མེས་པོར་བཀུར་བའི་སྲོལ་ཡོད་སྟབས་མི་རིགས་རང་གི་ཆོས་ལུགས་བྱ་འགུལ་དང་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་བར་དུ་འབྲེལ་བ་དམ་པོ་ཡོད། 

ཅི་ནུའོ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་ཁོག་སྟོད་ལ་མདོག་དཀར་བོའི་གོང་བ་མེད་པའི་སྟོད་ལྭ་གཞུང་གཤགས་གོན་པ་དང་ཁོག་སྨད་ལ་མདོག་དཀར་པོ་དང་སྔོན་པོ་ཅན་གྱི་རྐང་སྣམ་རིང་བོ་གོན། སྔོན་ཆད་ཅི་ནུའོ་རིགས་ཀྱི་སྐྱེས་པ་རྣམས་ལ་སྐྲ་ལན་བུ་གསུམ་འཇོག་པའི་སྲོལ་ཡོད་ལ། དེ་དག་རེ་རེར་མཚོན་དོན་ཞིག་ཡོད་ཀྱང་ད་ལྟ་ཕལ་ཆེར་དོར་འདུག  བུད་མེད་རྣམས་ཀྱིས་གོང་བ་མེད་པའི་སྟོད་ཐུང་གོན་པ་དང་། ཁོག་སྨད་ལ་མདུན་ན་བར་ཕྱེས་ཡོད་པའི་སྨད་གཡོགས་གོན།

ཅི་ནུའོ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། རྣམ་པའི་ཐད་དུ་ལྷ་སྒྲུང་དང་གཏམ་རྒྱུད། གནའ་གཏམ། དམངས་གླུ་སོགས་ཡོད། དམངས་ཁྲོད་གླུ་དབྱངས《འཚོ་བའི་གླུ་དབྱངས》ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་ཅི་ནུའོ་རིགས་མི་དམངས་ཀྱི་འཚོ་བའི་གོམས་གཤིས་དང་། མཆོད་བཀུར་བྱ་འགུལ་སོགས་མཚོན་པར་བྱས་ཡོད། ཁྱད་པར་དུ་མཛའ་གླུ་ནི་དམངས་ཁྲོད་རྩོམ་རིག་ཁྲོད་དུ་ཆེས་ཕུལ་དུ་བྱུང་བའི་སྐོར་ཡིན། དམངས་ཁྲོད་གཏམ་རྒྱུད་ལ་ལ་ཞིག་གི་གཏམ་རྒྱུད་ཀྱི་བྱུང་རིམ་ནི་རྒྱ་རིགས་དང་ཏེ་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཕལ་ཆེར་གཅིག་མཚུངས་ཡིན། 

མེ་ཏོག་བར་བའི་ཚབ་ཏུ་བྱས་ནས་གཉེན་སྒྲིག་བྱེད་པ་ནི་ཅི་ནུའོ་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཞིག་ཡིན། གལ་ཏེ་གཞོན་ནུ་མ་ཞིག་གིས་གཞོན་ནུ་ཞིག་ལ་གཉེར་སྒྲིག་གི་ཨ་ལོང་གཅིག་ཏུ་སྦྲེལ་བའི་མཛའ་སེམས་སྟོན་བསམས་ན། ངེས་པར་དུ་མི་གཞན་བརྒྱུད་ནས་མེ་ཏོག་ཆུན་པོ་ཞིག་གཞོན་ནུ་དེར་སྤྲོད་པ་དང་། གཞོན་ནུ་དེ་མཐུན་པ་བྱུང་ན་མེ་ཏོག་དེ་དང་ལེན་བྱས་རྗེས། ཕན་ཚུན་གྱིས་གླུ་ལེན་རེས་བྱས་ཏེ་གཉེན་སྒྲིག་ཐད་དུ་གྲོས་བསྡུར་བྱས་ཆོག

“ཐེ་མོ་ཁེ”དུས་ཆེན་ནི་ཅི་ནུའོ་རིགས་མང་ཚོགས་ཀྱིས་ལོ་གཅིག་གི་ནང་དུ་རོལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། དུས་ཆེན་ཁྲོད་ཀྱི་བྱ་འགུལ་མཐའ་དག་རྔ་རྡུང་བ་དང་འབྲེལ་བ་དམ་པོ་ཡོད་སྟབས། རྔ་རྡུང་དུས་ཆེན་ཡང་ཟེར། དེ་ནི་ཅི་ནུའོ་རིགས་ཀྱི་ལོ་རྩིས་ཀྱི་ཟླ་དང་བོའི་ཉིན་བཟང་སྐར་བཟང་ཞིག་ལ་བྱེད། སྒུམ་མདའ་འཕེན་མ་དང་རྔ་རྡུང་བ་ནི་ཅི་ནུའོ་རིགས་ཀྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཞིག་ཡིན། 


མཉམ་སྤྱོད།