དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅིང་རིགས།

2022-12-29 15:30:06   |   291

ཅིང་རིགས(京族)ལ་ལོ་རྒྱུས་སྟེང་ནས་རང་མི་རིགས་ཀྱིས“ཅིང”ཞེས་འབོད་ལ། མི་རིགས་གཞན་གྱིས“ཡོ”ཟེར། 1958ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅིང་རིགས་ཞེས་གཏན་ཁེལ་བྱས། གཙོ་བོ་ཀོང་ཞི་ཀོང་རིགས་རང་སྐྱོང་ལྗོངས་སུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས28190ལྷག་ཡོད། ཅིང་རིགས་ནི་དུས་རབས་བཅོ་ལྔ་པའི་རྗེས་སུ་ཡོ་ནན་རྒྱལ་ཁབ་ནས་རང་རྒྱལ་དུ་མཆེད་པ་ཞིག་ཡིན་ལ། མི་རིགས་རང་གི་སྐད་ཆ་ཡོད་པ་དང་སྤྱི་ཁྱབ་ཀྱིས་རྒྱ་སྐད་དང་རྒྱ་ཡིག་བཀོལ་བཞིན་ཡོད། ཅིང་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་ཁོག་སྟོད་ལ་ཕུ་རུང་དོག་མོ་ཅན་དང་ཕུ་རུང་མེད་པའི་སྟོད་ལྭ་གོན་པ་དང་སྐ་རགས་བཅིངས་ཡོད། བུད་མེད་རྣམས་ཀྱིས་ཕུ་རུང་དོག་ཅིང་གོང་བ་མེད་པའི་གཞུང་གཤགས་སྟོད་ཐུང་གོན་ཡོད་དེ། སྒོའི་ཕྱིར་བགྲོད་སྐབས་ཕུ་རུང་དོག་པའི་ལྭ་རིང་སྐྱ་བོ་གོན་པར་དགའ། 

ཅིང་རིགས་ཀྱི་ངག་ཐོག་གི་རྩོམ་རིག་ལ་དམངས་གླུ་དང་ལྷ་སྒྲུང་། གཏམ་རྒྱུད། བྱིས་སྒྲུང་སོགས་ཡོད།  ཁྱད་པར་དུ་དོན་བརྗོད་དམངས་གླུ《སུན་ཀྲིན་དང་ཁྲིན་ཅུའུ་ཧྭ》ནི་འགྱུར་ཁུགས་སྙན་ལ། ཅིང་རིགས་ཀྱི་ཡུལ་ལྗོངས་དང་ཐོན་སྐྱེད་འཚོ་བ་སོགས་ལྷུག་པར་མཚོན་ཡོད། དམངས་གླུར་དབྱངས་རྟ་སུམ་ཅུ་ལྷག་ཡོད་ཅིང་ནང་དོན་ཐད་དུའང་སྐྱོ་གླུ་དང་བྱིས་གླུ། བརྩེ་གླུ་སོགས་རྣམ་པ་དུ་མ་ཡོད། 

ཅིང་རིགས་ཀྱི་ཟ་མ་གཙོ་བོ་ནི་འབྲས་ཡིན་ལ། ལོ་སར་དང་དུས་ཆེན་གྱི་སྐབས་སུ་འབྲས་ཐུག་དང་འབྲས་ཐུག་དམར་མོ་འཐུང་བར་དགའ། ཤ་ཟས་ནི་གཙོ་བོ་ཉ་རིགས་ཡིན་ཏེ། ཁྱད་པར་དུ་ཟ་མ་ཟ་སྐབས་ཉ་ཁུ་ལས་གཡོས་པའི་སྤོད་ཡ་ལ་ལྷག་ཏུ་དགའ། སྔོན་ཆད་མི་རིགས་དེའི་ན་གཞོན་ཕོ་མོ་རྣམས་གཉེན་སྒྲིག་བྱེད་སྐབས་ལོ་རེས་སྤར་ཁ་དང་མོ་འདེབས་པ་སོགས་ལ་ཤིན་ཏུ་གཙིགས་འཛིན་བྱེད་ཅིང་། ད་ལྟ་དེ་དག་ཕལ་ཆེར་དོར་ཏེ་གླུ་ལེན་རེས་བྱས་ནས་རང་དབང་གིས་གཉེན་སྒྲིག་བྱེད་པ་མང་། གཉེན་སྟོན་གྱི་ཉིན་མོར་མག་པ་དང་བག་་མ་ཕྱོགས་གཉིས་ནས་གླུ་ལེན་མཁན་ཕོ་མོ་གསུམ་རེ་བཙལ་ནས་ཕན་ཚུན་ལ་གླུ་ལེན་རེས་བྱེད་པ་དང་། གཉེན་གླུ་བླངས་ནས་བག་མ་ཚང་གི་འགག་སྒོ་གསུམ་ལས་ཐར་རྗེས་ད་གཟོད་གཉེན་སྟོན་རྒྱ་ཆེན་པོ་བྱེད།

ལོ་སར་དང་ཧ་ཅེ་དུས་ཆེན་ནི་ཅིང་རིགས་ཀྱི་དུས་ཆེན་གཙོ་བོ་གཉིས་ཡིན་ལ། ཧ་ཅེ་དུས་ཆེན་ཞེས་པ་ནི་གླུ་ལེན་དུས་ཆེན་གྱི་དོན་ཡིན། ཉིན་དེར་ཅིང་རིགས་མང་ཚོགས་རྣམས་ཀྱིས་རྒྱན་གོས་གང་ལེགས་སྤྲས་ནས་ཕྱོགས་གཅིག་ཏུ་འདུས་ཏེ་གླུ་ལེན་གར་རྩེ་བྱེད་ཅིང་། དེ་མིན་ད་དུང་ལྷ་མཆོད་ཀྱི་མཛད་སྒོ་རྒྱ་ཆེན་སྤེལ་བ་ཡིན། 

ཆུ་ལ་རྐྱལ་བ་དང་དབྱུག་རྩེད་ནི་ཅིང་རིགས་མི་དམངས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ། ཉ་རྒྱ་དང་ཐབ་ཀའི་སྟེང་བགོམ་པ་ནི་ཁོ་ཚོའི་འཛེམ་བྱ་ཉག་ཅིག་ཡིན། མི་རིགས་དེས་ཏའོ་ཅའོ་དང་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་ཡིན། 


མཉམ་སྤྱོད།