དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོར་ཁེ་ཙི་རིགས།

2022-12-29 15:31:44   |   288

ཁོར་ཁེ་ཙི་རིགས(柯尔克孜族)ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོར་ཁེ་ཙི་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་ལ། སྤྱིར་བཏང་དུ་རིགས་དེའི་དོན་ལ“གཞོན་ནུ་མ་བཞི་བཅུ”དང“ཚོ་བ་བཞི་བཅུ”ཡང་ན“རྩྭ་ཐང་གི་མི”ཞེས་འགྲེལ་རྒྱག་བཞིན་ཡོད། ཁྱོན་སྡོམ་མི་གྲངས186700ལྷག་ཡོད། ད་ལྟ་སྤྱོད་བཞིན་པ་ནི་ཨ་རབ་ཡི་གེ་རྨང་གཞི་བྱས་པའི་ཡིག་རིགས་ཤིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ལ་ཏིང་ཡི་གེའི་ཡིག་རིགས་གསར་བཏོད་བྱས་ཤིང་། ས་ཆ་ལ་ལས་ཡུ་གུར་ཡི་གེ་དང་ཧ་སག་ཡི་གེ་བཀོལ་བཞིན་ཡོད། 

མི་རིགས་དེའི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ཐུང་གོན་པ་དང་། གོང་ཁ་དྲང་ཞིང་མེ་ཏོག་གཙགས་ཡོད། ནང་དུ་ཚིལ་ལེན་དཀར་བོ་གོན་པ་དང་ཕྱི་རུ་ནག་སྐྱ་སྔོ་གསུམ་མདོག་ཅན་གྱི་ཁན་སྦྱར་གོན། སྐྱེས་མ་ཚོས་ཁོད་ཆེ་ཞིང་གོང་བ་མེད་པའི་གཞུང་གཤགས་སྟོད་རིང་གོན། ན་གཞོན་སྐྱེས་མ་ཚོ་དམར་མདོག་གམ་ལྗང་མདོག་གི་མགོ་རས་དཀྲི་བར་དགའ། སྐྱེས་ཕོ་མོ་ཚང་མས་འཇུར་རྟ་ཡུ་རིང་གོན་པ་དང་། སྐྱེས་མའི་འཇུར་རྟའི་སྟེང་དུ་མེ་ཏོག་གཙགས་ཡོད། 

ཁོར་ཁེ་ཙི་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ངག་ཐོག་གི་རྩོམ་རིག་ཡིན། དཔའ་བོའི་ལོ་རྒྱུས་མཚོན་བྱེད་སྙན་ཚིག《མཱ་ན་སི》ཞེས་པ་ནི་མི་རིགས་དེའི་མཚོན་བྱེད་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་སྟེ། གནའ་བོའི་ཁོར་ཁེ་ཙི་རིགས་ཀྱི་སྣ་འཛོམས་དཔེ་ཆ་ཞིག་ཡིན། དེས་མཱ་ན་སིའི་ཁྱིམ་ཚང་གི་མི་རབས་འགའི་མཛད་རྗེས་གཞིར་བཟུང་ནས་ལོ་རྒྱུས་ཐོག་ཁོར་ཁེ་ཙི་མི་དམངས་ཀྱི་ངོ་རྒོལ་འཐབ་རྩོད་སྙིང་སྟོབས་དང་རང་དབང་བདེ་སྐྱིད་ལ་སྨོན་པའི་ཕུགས་བསམ་མཚོན་པས། ཁོར་ཁེ་ཙིའི་རྩོམ་རིག་བརྩམས་ཆོས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། ཁོར་ཁེ་ཙི་རིགས་ནི་མགྲོན་པོར་ཧ་ཅང་དགའ་སྟེ། ངོ་ཤེས་མིན་གང་ཡིན་རུང་ཚང་མར་ཁྱིམ་གྱི་བཟའ་ཆ་གང་ལེགས་འདྲེན་པ་དང་ལུག་མགོ་བཟའ་རུ་འཇུག་པ་ནི་ཆེས་བཀུར་བཟོས་བྱེད་པ་མཚོན། མི་རིགས་དེར་ཟས་རིགས་ཧ་ཅང་མང་བ་དང་མང་ཆེ་བ་ཤའི་རིགས་ཡིན། བཟའ་ཆ་གཙོ་བོ་རྟ་ཤ་དང་སྐམ་ཤ། ལུག་ཤ་ཡིན། སྔོ་ཚོད་ཀྱི་རིགས་ཧ་ཅང་ཉུང་། རྟའི་འོ་མ་དང་བ་མོའི་འོ་མ། མ་མོའི་འོ་མ་འཐུང་རྒྱུར་ཧ་ཅང་དགའ། མི་རིགས་དེའི་ན་གཞོན་ཕོ་མོའི་གཉེན་སྒྲིག་མཛད་སྒོ་ནི་མོའི་ཁྱིམ་དུ་བྱེད། ཉིན་དེར་གཉེན་ཚང་གིས་ལུག་གཉིས་བཤས་ཏེ། ལུག་གཅིག་ཧྲིལ་བོར་བཙོ་དགོས་པ་དང་ལུག་གཅིག་གི་ནང་ཁྲོལ་བཏོན་ནས་བསྲེགས་རྗེས་རྟར་བཀལ་ནས་ཕྱུག་ཟོག་ཁ་ཤས་དེད་དེ་མོའི་ཁྱིམ་ལ་འགྲོ་དགོས། གཉེན་སྒྲིག་གི་ཉིན་དེར་རྟེན་འབྲེལ་ཞུ་ཆེད། རྟ་རྒྱུག་དང་འཇུ་རེས་བྱེད་པའི་རྩེད་མོ་རྩེ་སྲོལ་ཡོད། ཁོར་ཁེ་ཙི་རིགས་ཀྱི་སྡོད་ཁང་མང་ཆེ་བ་སྦྲ་གུར་ཡིན། ནང་གི་བཀོད་སྒྲིག་བྱེད་སྟངས་ཧ་སག་རིགས་དང་མཚུངས། ཞིང་ལས་ཁུལ་གྱི་ཁོར་ཁེ་ཙི་རིགས་ནི་མང་ཆེ་བ་ས་ཁང་དུ་སྡོད་པ་དང་རྣམ་པ་ཡུ་གུར་རིགས་དང་མཚུངས། 

ཁོར་ཁེ་ཙི་རིགས་ཀྱི་སྐར་རྩིས་ཀྱི་ཟླ1པོའི་ཚེས1ཉིན་ནི་ཁོ་ཚོའི་ལོ་གསར་དུས་ཆེན་ཡིན། དུས་ཚོད་ཕལ་ཆེར་རྒྱ་རིགས་ཀྱི་དཔྱིད་ཚུགས་ཀྱི་སྔ་གཞུག་ཡིན། ཉིན་དེར་མི་རྣམས་ཀྱིས་གཟབ་མཆོས་སྤྲས་ནས་རྟ་རྒྱུག་དང་གླུ་ལེན་གར་རྩེ་བྱས་ནས་ལོ་གསར་གྱི་དུས་ཆེན་ལ་རོལ་པ་རེད། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་རྟ་ཐོག་ནས་དངུལ་སྒོར་འཐུ་བ་དང་རྟ་ཐོག་ནས་ཤེད་རྩལ་འགྲན་པ་སོགས་ཡོད། 


མཉམ་སྤྱོད།