དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལ་ཧུའུ་རིགས།

2022-12-29 15:32:20   |   360

ལ་ཧུའུ་རིགས(拉祜族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ལན་ཚང་དང་མིན་ལེན་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཡུན་ནན་ནུབ་ལྷོའི་མཐའ་མཚམས་ཀྱི་རྫོང་ཁག་འགའ་རེར་འདུས་སྡོད་བྱས་ཡོད་པའང་ཡོད། མི་རིགས་ནང་ཁུལ་དུ་ལ་ཧུའུ་ན་དང་ལ་ཧུའུ་ཞི་ཞེས་ཡན་ལག་གཉིས་སུ་བགོས་ནས་སོ་སོར་ཡུལ་སྐད་དང་རྒྱན་ཆ། གོམས་གཤིས་སོགས་མི་མཐུན་པ་ཡོད། ཁྱོན་སྡོམ་མི་གྲངས485960ལྷག་ཡོད། 1957ལོར་སྔར་ཡོད་གསལ་བྱེད་ཀྱི་རྨང་གཞིའི་ཐོག་སྒྲ་སྦྱོར་ཡི་གེ་གསར་བཏོད་བྱས། 

ལ་ཧུའུ་རིགས་ཀྱི་སྐྱེས་པ་ཚོས་མདོག་ནག་གཞུང་གཤགས་སྟོད་ཐུང་དང་མདོག་ནག་ཁོད་ཆེའི་རྐང་སྣམ་རིང་བོ་གྱོན་ལ། མགོར་མདོག་ནག་རས་དཀྲིས་རྒྱག སྐྱེས་མ་ཚོས་ཟུར་གཤགས་ལྭ་རིང་གྱོན་པ་དང་། གོང་བའི་མཐའ་སྐོར་དང་ཟུར་གཤགས་ཀྱི་མཐའ་གཉིས་སུ་རས་དམར་བོ་དང་སྔོན་པོའི་དབྱིངས་རིས་བསྒྲིགས་ཡོད། དངུལ་གྱི་རྣ་ལོང་ཆེན་པོ་དང་ལག་གདུབ་སོགས་འདོགས་པར་ཧ་ཅང་དགའ། 

ལ་ཧུའུ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ངག་ཐོག་གི་རྩོམ་རིག་ཡིན། དེར་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དོན་བརྗོད་སྙན་ཚིག་སོགས་འདུས། ཁྱད་པར་དུ་དམངས་གླུའི་ཁྲོད་ཀྱི་གཞས་དང་ཡུལ་སྲོལ་མཚོན་པའི་གླུ་ནི་ཚིག་བདེ་ཞིང་གསོན་ཉམས་ལྡན་པ། དྲན་རྟོག་གི་ནུས་པ་ཕུན་སུམ་ཚོགས་པས། མང་ཚོགས་ཀྱིས་དགའ་མགུ་ཡི་རང་ཐོབ། མི་རིགས་དེའི་སྲོལ་རྒྱུན་ཞབས་བྲོ་ལ་ལུའུ་ཧྲེང་ཞབས་བྲོ་ཡོད་ཅིང་། གར་གྱི་ཉམས་དང་འགྱུར་བ། དེ་མིན་གྱི་དབྱངས་རྟས་དངོས་གནས་མི་རྣམས་ཀྱི་ཡིད་དབང་འཕྲོག་ནུས། 

ལ་ཧུའུ་རིགས་སི་པན་ཟ་བར་དགའ་ཞིང་ཟ་ཐུན་གཅིག་ལའང་ཆད་མི་རུང་། ཟ་མ་ཟ་སྐབས། ཐོག་མར་ཁྱིམ་བདག་ལ་ཟ་མ་འདྲེན་པ་དང་དེ་ནས་མགྲོན་པོའམ་རིམ་བཞིན་བཟའ་མིའི་ཆེ་ཆུང་ལྟར་འདྲེན། མགྲོན་པོ་གལ་ཆེན་གྱི་རིགས་ལ་བྱ་ཤའི་འབྲས་ཁུ་གདུས་ཏེ་སྣེ་ལེན་བྱེད། 

ལ་ཧུའུ་རིགས་ཀྱི་དུས་ཆེན་ལ་གཙོ་བོ་ལོ་སར་དང་འབྲས་གསར་གྱི་དུས་ཆེན་གཉིས་ཡོད། ལོ་སར་དུས་ཆེན་གྱི་བྱ་འགུལ་དེ་ཉིན་དགུའི་རིང་ལ་བྱེད་པ་དང་རིམ་པ་གསུམ་དུ་བགོས་ཡོད། ལོ་སར་ཚེས་གཅིག་གི་ཞོགས་པའི་བྱ་སྐད་མགོ་མ་གྲག་དུས། ན་གཞོན་རྣམས་ཆུ་མགོ་ཁར་བརྒྱུགས་ནས་ཆུ་གསར་བ་ལེན་སྲོལ་ཡོད།  སྐབས་དེའི་ཆུ་འཐུང་ཐུབ་ན་མིའི་བར་ཆད་སེལ་ཐུབ་པ་དང་ལུས་བདེ་ཞིང་ཚེ་རིང་བའི་ཤོད་རྒྱུན་ཡོད། འབྲས་གསར་དུས་ཆེན་ནི་ལོ་རེའི་ལོ་ཏོག་སྨིན་པའི་དུས་སུ་བྱེད། ལོ་ཏོག་འབྲེག་མགོ་བརྩམས་པའི་ཉིན་དེར་ལ་ཧུའུ་རིགས་མི་དམངས་ཚང་མས་འབྲས་གསར་བ་ཟོས་ནས་འབྲས་གསར་དུས་ཆེན་ལ་རོལ་པ་ཡིན། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་མདའ་འཕེན་པ་སོགས་ཡོད། 


མཉམ་སྤྱོད།