དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་རིགས།

2022-12-29 15:33:08   |   268

ལི་རིགས(黎族)ནི་ཀོང་ཏུང་ཞིང་ཆེན་གྱི་ཧེ་ནན་ལི་རིགས་མེའོ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་པ་ལས་གཞན་ཧེ་ནན་ཞིང་ཆེན་གྱི་རྫོང་ཁ་ཤས་སུའང་ཐོར་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས1463060ལྷག་ཡོད་ཅིང་རང་མི་རིགས་ཀྱི་སྐད་རིགས་ཡོད་ལ། 1957ལོར་ལ་ཏིང་ཡི་གེའི་གཟུགས་ལྟར་ཡི་གེ་གསར་བཟོ་བྱས། ལི་རིགས་ཀྱི་སྐྱེས་མས་སྟོད་ཐུང་བྲང་གཤགས་ཅན་གྱི་སྒྲོག་མེད་སྟོད་ལྭ་དང་སྨད་གཡོགས་གོན་ཞིང་། མེ་ཏོག་གཙགས་ཡོད་པའི་ལག་ཕྱིས་དང་རྣ་ལུང་། སྐེ་རྒྱན། ལག་གདུབ་སོགས་འདོགས་པར་དགའ། སྐྱེས་པ་ཚོས་སྟོད་ཐུང་གོང་མེད་ཅན་གོན་ལ་ས་ཆ་ཁ་ཤས་སུ་སྐྱེས་མ་དང་འདྲ་བར་རྣ་ལུང་ཡང་འདོགས། ལི་རིགས་ཀྱི་རྩོམ་རིག་གཙོ་ཆེ་བ་ངག་ཐོག་རྩོམ་རིག་ཡིན་ལ། དེའི་ནང་ལྷ་སྒྲུང་དང་ཡུལ་གཞས་ཀྱིས་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། དམངས་ཁྲོད་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། བརྩམས་ཆོས་དེ་རིགས་ལས་མི་རིགས་རང་ཉིད་ཀྱི་ཕུགས་འདུན་མཚོན་བྱེད་ཀྱི་དཔའ་བོའི་མི་སྣ་དང་མིས་རང་བྱུང་ཁམས་བསྒྱུར་བཀོད་བྱས་པའི་བརྒྱུད་རིམ། ལི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་མཚོན་ཡོད། 

ལི་རིགས་སྐྱེས་པ་ཚོས་ལུས་ལ་རི་མོ་འབྲི་ཞིང་སྐྱེས་མ་ཚོས་སོའི་ཐོག་ཏུ་ཚོན་འབྱུག་པའི་ལུགས་སྲོལ་ཡོད། ལུགས་སྲོལ་དེ་དེང་སང་ད་དུང་མ་ཉམས་པར་དར་འདུག ཁོ་ཚོ་གཉེན་སྒྲིག་བྱས་ནས་ཉིན་འགའ་འགོར་རྗེས་ཕྱིར་སྐྱེས་མའི་ཁྱིམ་དུ་ལོག་པ་རེད། ཁོ་ཚོའི་ཟས་རིགས་གང་ཡིན་ཡང་མེར་བསྲེགས་ནས་ཟ་ཞིང་རུས་གཅིག་པ་རྣམས་ལྷན་དུ་བསྡད་ཡོད། ལི་རིགས་ལ་སྨྱུག་ཤིང་བར་ནས་ལྡིང་རྩེད་བྱེད་པ་དང་ཤིང་བེ་ཏེ་ལོ་མས་བཟོས་པའི་ལྒང་ལི་འགྲན་པ་སོགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་བྱ་འགུལ་ཡོད། 

ལི་རིགས་མི་དམངས་ཀྱིས་ལོ་སར་སྐབས་ཟས་རིགས་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་ཏེ་ཁྱིམ་གང་བོས་མཉམ་དུ་ཆང་འཐུང་བ་དང་གླུ་ལེན་པ། ན་གཞོན་ཚོས་ལྷན་དུ་རྩ་འཛུགས་བྱས་ནས་རི་དྭགས་རྔོན་རྩལ་འགྲན་སྡུར་བྱེད་པ་དང་། སྡེ་མི་ཡོངས་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྲོལ་བཟང་ཞིག་ཀྱང་ཆགས་ཡོད། 


མཉམ་སྤྱོད།