དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་སུའུ་རིགས།

2022-12-29 15:33:49   |   378

ལི་སུའུ་རིགས(傈僳族)ནི་ཡུན་ནན་ཞུང་ཆེན་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་པ་ལས་གཞན་ལིས་ཅང་དང་ཏ་ལི། བདེ་ཆེན་སོགས་ཁུལ་དང་རྫོང་། སི་ཁྲོན་ཞིང་ཆེན་གྱི་ཡན་ཡོན་དང་མུའུ་ལིས་རྫོང་བཅས་སུའང་ཐོར་སྡོད་བྱས་ཡོད། ཁྱོན་སྡོམམི་གྲངས702830ལྷག་ཡོད་ལ། སྔ་རྗེས་སུ་ཡིག་རིགས་ཐེངས་གསུམ་བཀོལ་མྱོང་ཞིང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ལ་ཏིང་གསལ་བྱེད་ཀྱི་ཡི་གེ་གསར་བ་བསྐྲུན། 

ལི་སུའུ་སྐྱེས་པ་ཚོས་སོ་རས་ཀྱིས་བཟོས་པའི་སྟོད་ལ་རིང་བོ་གོན་པ་དང་། རྐང་སྣམ་གྱི་རིང་ཚད་པུས་མོའི་མཚམས་ལ་ཁེབས་ཙམ་ཡིན། རྒྱུན་པར་གྲི་ཐུང་དང་མདའ་ཁུག་སྐེད་པར་འདོགས་པར་དགའ། སྐྱེས་མ་ཚོའི་གྱོན་ཆས་ལ་མདོག་སྣ་ཚོགས་ཡོད་ཅིང་གཙོ་བོ་དཀར་པོ་དང་ནག་པོ། ཁྲ་བོ་བཅས་ཡིན་པས་དེར་ལི་སུའུ་མདོགས་གསུམ་ཅེས་ཟེར། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཀྱིས་ཟངས་གོར་གྱི་རྣ་ལུང་འདོགས་པ་དང་མགོར་བྱུ་རུས་བརྒྱན་པར་བྱེད། 

ལི་སུའུ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། བརྩེ་དུངས་མཚོན་པའི་གཞས་ཐུང་དང་དོན་རྗོད་སྙན་ངག་རིང་མོ་ནི་ལི་སུའུ་རིགས་ཀྱིས་དམངས་ཁྲོད་རྩོ་རིག་གི་གྲུབ་ཆ་གཙོ་བོ་ཡིན། དཔེར་ན། 《ཐོན་སྐྱེད་གདངས་དབྱངས》དང《ལྷན་འཛོམས་གདངས་དབྱངས》སོགས་ལྟ་བུ། དབྱངས་རྟ་དེ་དག་ལ་ལ་མཐོ་ལ་བརྗིད་ཉམས་ཀྱིས་ཁེངས་པ། ལ་ལ་དམའ་ཞིང་བརྩེ་དུངས་ཟབ་མོ་མཚོན་པ། གྱེར་འདོན་གྱི་སྐབས་སུ་རོལ་དབྱངས་དང་བསྡོངས་ནས་གཞས་ཚིག་བསྐྱར་ཟློས་དང་མིང་གཅིག་དོན་དུ་མར་མཚོན་པ། དཔེ་དང་དཔེ་ཅན་གྱིས་ལེགས་པར་སྤྲས་པས། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ཁྲོད་དུ་མཐོང་དཀོན་པའི་གྲས་ཡིན། རྒྱལ་ཁབ་དབུ་བརྙེས་རྗེས། ལི་སུའུ་རིགས་ཀྱི་རྩོམ་རིག་འཕེལ་བའི་ལོ་རྒྱུས་ལ་ཤོག་ལྷེ་གསར་བ་ཞིག་ཕྱེས་མགོ་ཚུགས་ནས་རྩོམ་མཁན་དང་གླུ་བ་རབས་དང་རིམ་པ་འཚར་ལོངས་འབྱུང་བཞིན་ཡོད། 

ལི་སུའུ་རིགས་ཀྱིས་མགྲོན་པོར་ཆང་གིས་མགྲོན་བསུ་བྱེད་པ་དང་སྒོ་ཕྱི་ལ་འགྲོ་ཚེ་ལམ་བྲོ་ཁུག་མ་གང་གང་བྱས་ནས་གྲ་སྒྲིག་བྱེད་ཅིང་བཟའ་ཆས་གཙོ་བོ་མ་རྨོས་ལོ་ཏོག་དང་ཡུང་མ། ཁྲེ་རྒོད་སོགས་ཡིན། ལོ་རྒྱུས་ཐོག་ལི་སུའུ་རིགས་ཀྱི་སྤྱི་ཚོགས་ནང་མནའ་་མ་འཕྲོག་པའི་གོམས་སྲོལ་ཡོད། སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ལི་སུའུ་རིགས་ཀྱི་གཉེན་དོན་ལའང་འགྱུར་ལྡོག་ཆེན་པོ་བྱུང་ནས་ཕལ་ཆེར་ཕོ་མོ་རང་དབང་གིས་བཟའ་ཟླ་འཚོལ་བཞིན་ཡོད། ཁོ་ཚོར་ལོ་རེའི་ལུགས་རྙིང་གི་ཟླ2པའི་ཚེས8ཉིན་སྲོལ་རྒྱུན་གྱི་དུས་ཆེན་དེ་གྲི་ཤིང་དུས་ཆེན་ཡོད་པ་དང་ཟླ10པའི་ཟླ་སྨད་དུ་འབྲས་གསར་དུས་ཆེན་སོགས་ཡོད། ལུས་རྩལ་བྱ་འགུལ་གཙོ་བོ་མདའ་འཕེན་སོགས་ཡིན། 


མཉམ་སྤྱོད།