དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀེ་ལོ་རིགས།

2022-12-29 15:48:21   |   375

ཀེ་ལོ་རིགས(仡佬族)མང་ཆེ་ཤོས་ཀོས་ཀྲུག་ཞིང་ཆེན་གྱི་ཙུང་དབྱི་རྫོང་དང་ཨན་ཧྲོང་རྫོང་སོགས་སུ་ཐར་ཐོར་དུ་གནས་ཡོད་ལ། ཀོང་ཞི་དང་ཡུན་ནན་སོགས་སུའང་ཉུང་ཤོས་ཤིག་གཞིས་སྡོད་བྱས་ཡོད། ཁྱོན་སྡོམ་་པས་མི་གྲངས550740ལྷག་ཡོད། ཀེ་ལོ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་གཞུང་གཤགས་སྟོད་གོས་གྱོན་ཅིང་རས་འདོམ་པ་གང་ལྷག་གིས་མགོ་དཀྲི་བ་དང་། སྐྱེས་མ་རྣམས་ཀྱིས་ཁོག་སྟོད་དུ་སྟོད་ལྭ་ཐུང་ཐུང་དང་ཁོག་སྨད་དུ་སྨད་གཡོགས་སྦུབས་མ་གྱོན་པར་བྱེད། ད་ལྟ་ཀེ་ལོ་རིགས་ལ་ཉེ་འཁོར་གྱི་མི་རིགས་གཞན་གྱི་ཤན་ཞུགས་ཏེ་གྱོན་གོས་ལ་འབུར་དུ་ཐོན་པའི་ཁྱད་ཆོས་གཞན་ཅང་མེད། 

ཀེ་ལོ་རིགས་ལ་མི་རིགས་རང་གི་ཡི་གེ་མེད་པས་རྒྱ་ཡིག་དང་རྒྱ་སྐད་བཀོལ་བཞིན་ཡོད། ཀེ་ལོ་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་ངག་ཐོག་གི་རྩོམ་རིག་ཡིན་ལ། དེར་ལྷ་སྒྲུང་དང་གཏམ་རྒྱུད། དོན་བརྗོད་སྙན་ངག ངག་རྒྱུན། དམངས་གླུ་སོགས་འདུས། ལྷ་སྒྲུང《མིའི་རིགས་ཀྱི་བྱུང་ཚུལ》དང་ངག་རྒྱུན《རི་ཚོགས》ཞེས་པ་ལས་འགྲོ་བ་མིའི་རིགས་ཀྱི་བྱུང་ཚུལ་དང་ཀེ་ལོ་རིགས་ཀྱིས་རང་བྱུང་ཁམས་དང་འཐབ་འཛིང་བྱས་པའི་དཀའ་སྡུག་གི་ལོ་རྒྱུས་མཚོན་ཡོད། ཀེ་ལོ་རིགས་ཀྱི་ཁང་བ་ཕལ་ཆེར་ཁང་མིག་གསུམ་དུ་བགོས་ཡོད་པ་དང་། ཁང་མིག་དཀྱིལ་མའི་ནང་དུ་མི་མི་སྡོད་པར་ནུབ་ཕྱོགས་ཀྱི་ཁང་མིག་དེ་མལ་ཁང་དང་ཇ་ཁང་བྱེད་པ་ཡིན། ཁ་ཟས་གཙོ་བོ་མ་རྨོས་ལོ་ཏོག་དང་ཆུ་འབྲས་སོགས་ཡིན་ལ། ཟོག་ཤ་དང་ཕག་ཤ་སོགས་ཤ་རིགས་དང་གཞན་སྔོ་ཚོད་དང་སིལ་ཏོག་སྣ་ཚོགས་ཟ་བར་དགའ། 

ཀེ་ལོ་རིགས་ཀྱིས་མི་ཤི་ཚེ་དུར་སྦས་མ་བྱས་པའི་སྔོན་ལ་ཁྱིམ་ནས་རྔ་རྡུང་དུང་འབུད་དང་གླུ་ལེན་བྲོ་འཁྲབ་སོགས་བྱས་རྗེས་ད་གཟོད་བེམ་པོ་རོ་སྒམ་དུ་བཅུག་ནས་ས་འོག་ཏུ་འཇུག

ལོ་སར་ནི་ཀེ་ལོ་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་གཙོ་བོ་ཡིན་པས་རྒྱ་ལོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་གསོན་ཉམས་ལྡན་པའི་སྲོལ་རྒྱུན་གྱི་ལུས་རྩལ་སྣ་ཚོགས་སྤེལ་བཞིན་ཡོད། གཞན་ལོ་རེའི་ཟླ་གསུམ་པའི་ཚེས་གསུམ་དང་། ཟླ་དྲུག་པའི་ཚེས་དྲུག ཟླ་བརྒྱད་པའི་ཚེས་བཅོ་ལྔ(ས་ཁུལ་སོ་སོའི་ཟླ་ཚེས་མི་འདྲ)བཅས་ལ་ཀེ་ལོ་རིགས་ཀྱིས་ལྷ་སྡོང་ལ་མཆོད་བཀུར་བྱེད་ཅིང་། དེ་ནི་རང་གི་མེས་པོ་ལ་མཆོད་པའི་སྲོལ་ཞིག་ཡིན། ཉིན་དེར་སྡེ་བ་ཡོངས་ཀྱིས་ངལ་གསོས་ནས་བུད་མེད་དང་བུ་མོ་རྣམས་སྒོར་འབུད་མི་རུང་ལ་གྱོན་པ་བཀྲུ་བ་དང་ལྡེ་བ་སོགས་གཏན་ནས་བྱེད་མི་རུང་། སྨྱུག་མའི་ལྒང་ལི་རྩེ་བ་ནི་ཀེ་ལོ་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་གཙོ་བོ་ཞིག་ཡིན། 


མཉམ་སྤྱོད།