དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་པ་རིགས།

2022-12-29 15:51:46   |   882

ལྷོ་པ(珞巴族)ཞེས་པ་ནི་བོད་སྐད་ལས་ལྷོ་ཕྱོགས་ཀྱི་མི་ཞེས་པའི་དོན་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་དང་ལྷུན་རྩེ་རྫོང་། སྨན་གླིང་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་སོགས་ཀྱི་མཐའ་མཚམས་སུ་གནས་ཡོད། ཁྱོན་སྡོམ་མི་གྲངས3680ལྷག་ཡོད། ལྷོ་པ་རིགས་ནི་གནའ་ནས་བཟུང་བོད་ལྗོངས་ཀྱི་དྭགས་པོ་དང་། ཀོང་པོ། པད་མ་སྒང་། རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ས་ཁུལ་དུ་འདུས་སྡོད་བྱས་ཡོད་ཅིང་།  བོད་སྐད་དང་བོད་ཡིག་བཀོལ་བཞིན་ཡོད། 

ལྷོ་པ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་བལ་གྱིས་བཏགས་པའི་ཕུ་མེད་སྟོད་ལྭ་རིང་བོ་གོན་པ་དང་རྒྱབ་ཏུ་འབྲོང་ལྤགས་ཤིག་གཡང་ཤམ་བྱས་ཡོད་ལ། མགོར་ཞྭ་མོ་འཇོང་འཇོང་ཅན་གོན། སྐྱེས་མ་རྣམས་ཀྱིས་གོང་བ་སྒོར་སྒོར་ཅན་གྱི་ཕུ་རུང་དོག་པའི་སྟོད་ལྭ་གོན་པ་དང་ཁོག་སྨད་ལ་བལ་གྱིས་སླས་པའི་སྨད་གཡོགས་གོན། ལྷོ་པ་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན་ལ། དེ་ལ་གདོད་མའི་ཤེས་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད། ལྷ་སྒྲུང《ཉི་མ་དགུ》དང《ལྷ་གཡག་གསུམ》ཞེས་པ་སོགས་ཀྱིས་ཕྱོགས་ཡོངས་ནས་ལྷོ་པ་རིགས་ཀྱི་འཚོ་བ་དང་དཀའ་སྤྱད་འབད་བརྩོན་གྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་བརྒྱུད་རིམ་མངོན་པར་མཚོན་ཡོད། 

ལྷོ་པ་རིགས་ནི་མགྲོན་པོར་དགའ་བའི་མི་རིགས་ཤིག་ཡིན། ནང་སྒོས་སུ་ཐག་རིང་ནས་འོངས་པའི་མགྲོན་པོ་ལ་སྣེ་ལེན་བྱེད་པར་དེ་བས་ཀྱང་དགའ། གོམས་སྲོལ་ལྟར་ན་བདག་པོས་སྣེ་ལེན་དུ་བསྒྲིགས་པའི་ཆང་དང་ཟས་ཚང་མ་མགྲོན་པོས་ཟོས་ནས་ཚར་ན་ཁོ་ཚོ་ཧ་ཅང་དགའ། འབྲས་དང་མ་རྨོས་ལོ་ཏོག ནས་སོགས་ནི་ལྷོ་པ་རིགས་ཀྱི་ཟ་མ་གཙོ་བོ་ཡིན། 

ལྷོ་པ་རིགས་ཀྱི་ལོ་སར་ནི་མི་རིགས་རང་གི་ལོ་རྩིས་ལྟར་གཏན་ཁེལ་བྱས་ཡོད་ནའང་། ས་གནས་མི་འདྲ་བའི་དབང་གིས། ས་ཆ་རེའི་ལོ་སར་གཏོང་བའི་དུས་ཀྱང་མི་འདྲ། 

མདའ་འཕེན་པ་ནི་བོད་ལྗོངས་ས་ཁུལ་གྱི་མང་ཚོགས་རྣམས་ཆེས་དགའ་བའི་རོལ་རྩེད་བྱ་འགུལ་ཞིག་ཡིན་ལ། ལྷོ་པ་རིགས་ཀྱང་དེ་ལས་མ་འདས་པར་བྱ་འགུལ་འདི་སྤེལ་བར་ཤིན་ཏུ་དགའ། 


མཉམ་སྤྱོད།