མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མིའོ་རིགས།

2022-12-29 16:10:40   |   344

མིའོ་རིགས(苗族)ནི་གཙོ་བོ་ཀོས་ཀྲིག་དང་ཧུའུ་ནན། ཡུན་ནན། ཀོང་ཞི། སི་ཁྲོན། ཀོང་ཏུང་། ཧུའུ་པེ་སོགས་ཞིང་ཆེན་དང་ལྗོངས་འགར་འདུས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས9426000ལྷག་ཡོད། མང་ཆེ་བས་ཞིང་ལས་གཉེར་བཞིན་ཡོད་པ་དང་། གཞན་རྣམས་ཀྱིས་ནགས་ལས་གཉེར་གྱིན་ཡོད། ཁོ་ཚོར་རང་མི་རིགས་ཀྱི་ཡི་གེ་གསར་བ་ཡོད་ལ། མང་ཆེ་བས་རྒྱ་ཡིག་བཀོལ་བཞིན་ཡོད། ས་ཆ་སོ་སོར་གནས་པའི་མིའོ་རིགས་ཀྱི་གྱོན་ཆས་རྣམ་པ་སྣ་ཚོགས་ཡིན་ལ། སྐྱེས་མ་ཚོ་མདོག་ལྡན་གྱི་གོན་པ་གོན་པར་དགའ་ཞིང་དངུལ་གྱི་རྣ་ལུང་དང་ལག་གདུབ། སོར་གདུབ་སོགས་འདོགས་པར་དེ་བས་དགའ། 

མིའོ་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིགས་གཉིས་ཀྱིས་གྲུབ། དམངས་ཁྲོད་རྩོམ་རིག་ནི་སྙན་དངགས་རྩོམ་ལུས་ཀྱི་བརྩམས་ཆོས་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན། དེའི་དཔེ་མཚོན་བརྩམས་ཆོས་ནི《མུག་བྱོལ་དུ་འགྲོ་བའི་གླུ》དང《ཀྲང་ཞིག་མེ་ཡི་གླུ་དབྱངས》《ཧ་མེད》སོགས་ཡོད། བཅིངས་འགྲོལ་རྗེས་སུ་མིའོ་རིགས་ལ་རྩོམ་མཁན་དང་བརྩམས་ཆོས་མང་བོ་བྱུང་བ་དང་རིག་རྩལ་བྱ་འགུལ་ཡང་གང་མང་བྱུང་། མིའོ་རིགས་སྤུན་ཟླ་ནི་མགྲོན་ལ་དགའ་ཞིང་ཁོ་ཚོས་བྱ་ཕོ་དང་ཆུ་བྱ་བཤས་ཏེ་མགྲོན་བསུ་བྱེད་ལ། བུ་མོ་གནས་ལ་འགྲོ་སྐབས་བག་རོགས་ཡོད་ཅིང་། སྐྱེས་པ་ཚང་གི་སྒོ་ཁར་བསླེབས་རྗེས་མེ་ཐོ་འཇོག་པ་དེས་བཀྲ་ཤིས་འབྱོར་ཕྱུག་མཚོན། གཉེན་སྒྲིག་བྱས་མ་ཐག་གི་མཚན་དང་པོར་ཁྱོ་ཤུག་གཉིས་ཀྱིས་གྲོང་ཚོ་ནང་གི་གླུ་ལེན་པར་མཁས་པའི་ན་གཞོན་རྣམས་གདན་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་གླུ་ལེན་གར་རྩེ་བྱེད་པ་རེད། 

མིའོ་རིགས་ལ་རི་འགོས་དུས་ཆེན(ལུགས་རྙིང་གི་གསུམ་པའི་ཟླ་སྨད)དང་། ཟམ་པར་བཀུར་བའི་དུས་ཆེན(ལུགས་སྙིང་གི་ཟླ་གཉིས་པའི་ཚེས་གཉིས)མཆེན་སྲིང་དུས་ཆེན(ལུགས་རྙིང་གི་ཟླ་གསུམ་པའི་ཚེས་བཅོ་ལྔ)། མེ་ཏོག་འཐུ་བའི་དུས་ཆེན(བཞི་བའི་ཚེས་བརྒྱད)བཅས་ཡོད་ལ། མིའོ་རིགས་ཀྱི་ལོ་སར་ནི་ལུགས་གསར་གྱི་ཟླ་བཅུ་བའི་ཚེས་ལྔ་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་བར་ཡིན།

 མིའོ་རིགས་མི་དམངས་ལ་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་མང་བོ་ཡོད་དེ། གཙོ་བོ་ལུའུ་ཧྲེང་རོལ་ཆ་དཀྲོལ་བ་དང་སྨྱུག་ཤིང་སྟེང་དུ་འགྲོ་བ་སོགས་ཡིན། མིའོ་རིགས་མི་དམངས་ཀྱི་ཆོས་ལུགས་དད་ཡུལ་གཙོ་བོ་ལྷ་འདྲེ་ཡིན། འབྲུག་ནི་ཁོ་ཚོའི་སེམས་གཏིང་གི་བདེ་སྐྱིད་མཚོན་བྱེད་ཡིན་པས། ལོ་རེར་ལོ་ལེགས་བྱུང་བ་དང་བཀྲ་ཤིས་པའི་བྱ་བར་ཕྲད་ཚེ་མིའོ་རིགས་མི་དམངས་ཀྱིས“འབྲུག་འགུག”བྱ་འགུལ་སྤེལ་ནས་རྟེན་འབྲེལ་ཞུ་བའི་ལུགས་སྲོལ་ཡོད། 



མཉམ་སྤྱོད།