མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མུའུ་ལོ་རིགས།

2022-12-29 16:11:46   |   348

མུའུ་ལོ་རིགས(仫佬族)ནི་གཙོ་བོ་ཀོང་ཞི་ཞིང་ཆེན་ལའོ་ཁྲིན་མུའུ་ལོ་རིགས་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས216250ལྷག་ཡོད། མུའུ་ལོ་རིགས་ལ་རང་མི་རིགས་ཀྱི་སྐད་རིགས་ཡོད་ནའང་། མང་ཆེ་བས་རྒྱ་སྐད་དང་རྒྱ་ཡིག་བཀོལ་བཞིན་ཡོད། མི་རིགས་དེའི་སྐྱེས་པ་ཚོས་མདོག་སྔོ་ནག་ཅན་གྱི་བྲང་གཤགས་སྟོད་ཐུང་དང་རྐང་སྣམ་རིང་བོ་གོན། སྐྱེས་མ་ཚོས་གོང་བ་མེད་པའི་སྟོད་ཐུང་གོན་པ་དང་། གོང་མཐའ་དང་ཕུར་ཁ་ཚང་མར་ཐིག་ཤར་གསུམ་གཙགས་ཡོད། དར་མ་ཡན་གྱི་སྐྱེས་མ་ཚོས་རང་གི་འཐག་པའི་རས་ལྭ་གོན་པར་དགའ་ཞིང་བུ་མོ་གནས་ལ་འགྲོ་སྐབས་ངེས་པར་དུ་རང་གིས་འཐག་པའི་རས་ལྭ་གོན་དགོས། མུའུ་ལོ་རིགས་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། ལྷ་སྒྲུངསྟེ《གནམ་ནི་ཇི་ལྟར་བཏེགས་པ་ཡིན》ཞེས་དང《ཧྥུ་ཡེ་མིང་སྲིང་གིས་མིའི་རིགས་བསྐྲུན་པ》སོགས་ཀྱིས་མུའུ་ལོ་རིགས་ཀྱི་ལོ་རྒྱུས་དང་འཚོ་བ། ཡུལ་སྲོལ་གོམ་གཤིས་སོགས་མཚོན། མུའུ་ལོ་རིགས་ཀྱི་ཁ་ཟས་གཙོ་བོ་འབྲས་ཡིན་ལ། དེ་ལས་གཞན་ད་དུང་ཡུང་དམར་དང་ཡུང་མ། གྲོ། མ་རྨོས་ལོ་ཏོག་སོགས་ཟ། སྤྱིར་བཏང་དུ་ཚང་མས་ཕག་ཤ་དང་སྐམ་ཤ། བྱ་ཤ། ཆུ་བྱའི་ཤ། ངང་བའི་ཤ་སོགས་ཟ། མུའུ་ལོ་རིགས་ལ་སྲུང་བྱ་མང་སྟེ། དཔེར་ན་ཟླ2པའི་ཚེས1གི་ཉིན་ཞིང་ཁར་མི་འགྲོ་བ་དང་ཟླ6པའི་ཚེས1ཉིན་ལས་ཀ་མི་ལས་པ། སོན་འདེབས་ཀྱི་སྐབས་སུ་མེ་མི་གླེང་བ་སོགས་ཡོད་ཀྱང་དེང་སང་སྲོལ་དེ་དག་རིམ་བཞིན་ཉམས་དམས་སུ་སོང་འདུག  མི་རིགས་དེར་ལུགས་རྙིང་གི་ཚེས་བཅོ་ལྔའི་ཉིན་ན་གཞོན་དུས་ཆེན་ལ་རོལ་པའི་སྲོལ་ཡོད།  དུས་ཆེན་གྱི་ནང་དོན་གཙོ་བོ་ནི་ན་གཞོན་ཕོ་མོས་ཕན་ཚུན་ལ་གཞས་ལེན་རེས་བྱེད་པ་བརྒྱུད་དེ་རང་གི་འདོད་བརྩེ་མངོན་པ་དེའོ། 

ལོ་རེའི་ཟླ10བའི་ནང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་ལོ་ཁྲིན་རྫོང་གི་མུའུ་ལོ་རིགས་མི་དམངས་ཚོས་སྲོལ་རྒྱུན་གྱི་ལོ་ལེགས་དགའ་སྟོན་དུས་ཆེན་རོལ། ལོ་རེར་སྟོན་ཆུང་རེ་དང་ལོ་གསུམ་རེར་སྟོན་ཆེན་རེ་བྱེད། སྟོན་ཆེན་སྡེ་བས་བྱེད་པ་དང་སྟོན་ཆུང་ཁྱིམ་ཚང་གིས་བྱེད། ལུགས་རྙིང་གི་ཟླ10བའི་ཚེས1ཉིན་མུའུ་ལོ་རིགས་བ་གླང་རྒྱལ་པོའི་དུས་ཆེན་ལ་རོལ། ཉིན་དེར་བ་གླང་ལ་ཟས་གང་བཟང་བྱིན་ནས་ངལ་གསོ་བྱེད་དུ་བཅུག་ནས་ལོ་གཅིག་ལ་དཀའ་སྡུག་མྱངས་པར་འོ་བརྒྱལ་ཞུ་བའི་ཚུལ་མཚོན། ཁ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་བྱ་མོས་སྒོང་རུམ་དང་ལག་ཤེད་དང་བློ་འགྲན་པ་བཅས་ཡོད། 



མཉམ་སྤྱོད།