མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འཇང་རིགས།

2022-12-29 16:13:49   |   356

        འཇང་རིགས(纳西族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ས་ཐང་འཇང་རིགས་རང་སྐྱོང་རྫོང་དང་འབལ་ལུང་རྫོང་། རྒྱལ་ཐང་རྫོང་། དེ་མིན་ཉིན་ལིང་རྫོང་གི་ཡུང་ཉིན་ས་ཁུལ་དུ་ཁྱབ་ཡོད་ཅིང་། སི་ཁྲོན་གྱི་མུ་ལི་རྫོང་དང་བོད་ལྗོངས་ཀྱི་སྨར་ཁམས་རྫོང་དུའང་ཐ་ཐོར་དུ་ཁྱབ་ཡོད། ཁྱོན་སྡོམ་མི་གྲངས326290ལྷག་ཡོད། 1957ལོར་ལ་ཏིང་ཡི་གེ་རྨང་གཞི་བྱས་ཐོག་སྒྲ་སྦྱོར་ཡིག་རིགས་ཇུས་འགོད་བྱས། 

འཇང་རིགས་ཀྱི་ས་ཆ་སོ་སོའི་སྐྱེས་པ་ཚོའི་གོན་པ་རྒྱ་རིགས་དང་ཕལ་ཆེར་འདྲ། ཐང་གཞུང་གི་འཇང་རིགས་སྐྱེས་མ་ཚོས་ཁོག་སྟོད་དུ་རྒྱབ་གཞུང་ཁོད་ཡངས་ཤིང་ཕུ་ཐུང་ཆེ་བ། པུས་མགོར་ཐོན་པའི་ལྭ་རིང་དང་། ཕྱི་རུ་ཁན་སྦྱར། ཁོག་སྨད་དུ་རྐང་སྣམ་རིང་བོ་གོན་པ་ཡིན་ལ། ལུག་ལྤགས་ཀྱི་རྒྱབ་ཁེབས་སྟེང་དུ་སྐར་མ་སྨེ་བདུན་གཙགས་ཡོད། ཉིན་ལིང་ས་ཁུལ་གྱི་འཇང་རིགས་སྐྱེས་མ་ཚོས་སྟོད་ཐུང་གོན་པར་མ་ཟད།  མགོ་ལ་རས་སྔོན་དཀྲི་བ་དང་། དངུལ་གྱི་རྣ་ལུང་འདོགས་པར་དགའ། 

འཇང་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་སྟེ་ཁག་གཉིས་སུ་དབྱེ་ཆོག དམངས་ཁྲོད་རྩོམ་རིག་ཏུ་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། སྙན་ཚིག་དམངས་གླུ་སོགས་འདུས།  ལྷ་སྒྲུང《དུས་རབས་བསྐྲུན་པ》ནི་འཇང་རིགས་མི་དམངས་ཀྱི་འཚོ་བ་དང་འཐབ་རྩོད་མཚོན་པའི་ལོ་རྒྱུས་ཤིག་ཡིན། དེ་ནི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པར་མ་ཟད། འཇང་རིགས་ཀྱི་ལོ་རྒྱུས་དང་མཚན་ཉིད་རིག་པ། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཀྱང་ཡིན། འཇང་རིགས་ལ་མིང་རྒྱལ་རབས་ནས་བཟུང་དུས་ད་རག་གི་བར་དུ་རྩོམ་པ་པོ་དང་བརྩམས་ཆོས་མང་པོ་བྱུང་ཡོད། གནའ་བོའི་འཇང་རིགས་ཀྱི་གཉེན་སྒྲིག་ལ་གོ་རིམ་གསུམ་ཡོད་དེ། ཐོག་མར་གཉེན་གྲོགས་དང་སོ་སོར་སྡོད་པ། དེའི་རྗེས་གཉེན་གྲོགས་དང་མཉམ་སྡོད་བྱེད་པ། མཐར་ད་གཟོད་གཉེན་གྲོགས་དང་གཉེན་སྒྲིག་བྱེད་པའོ། དེང་སང་སྲོལ་དེ་དོར་ནས་ཕལ་ཆེར་མི་རིགས་གཞན་པ་དང་མཚུངས། འཇང་རིགས་དམངས་ཁྲོད་ཀྱི་བཟོ་བཀོད་ནི་དཀྱིལ་ཁང་མཐོ་ལ། ལོགས་གཉིས་ཀྱི་ཁང་བ་ཅུང་དམའ། བརྐོས་རིས་དང་རི་མོ་སོགས་ལ་རྒྱ་བོད་འཇང་གསུམ་གྱི་སྲོལ་རྒྱུན་ཁྱད་ཆོས་ལྡན། དཔེར་ན། ཐང་གཞུང་སོགས་སུ་བསྐྲུན་ཡོད་པའི་མིང་རྒྱལ་རབས་སྐབས་ཀྱི་བཟོ་བཀོད་ལྡེབས་རིས་ལ་བོད་ཀྱི་རིམ་མོའི་འབྲི་སྲོལ་ཡོད་པ་ལས་གཞན། ད་དུང་ཐང་རྒྱལ་རབས་སྐབས་ཀྱི་ཏོ་ཅོ་ཆོས་ལུགས་ཀྱི་རི་མོའི་འབྲི་རྒྱུན་མཆིས་པས། རང་རྒྱལ་མི་རིགས་རིག་གནས་ཁྲོད་ཀྱི་ཤུལ་ལུས་རྩ་ཆེན་ཞིག་ཡིན། 

འཇང་རིགས་ལ་དཔལ་འབར་དུས་ཆེན་དང་ལྷ་མོར་མཆོད་པའི་དུས་ཆེན། བྱིས་པའི་ལོ་སར་བཅས་ཡོད་དེ། དུས་ཆེན་གྱི་ཁྲོད་དུ་སྐྱེས་ཕོ་མོ་ཚོས་གཟབ་མཆོར་སྤྲས་ནས་རྟ་རྒྱུག་དང་གླུ་ལེན་གར་རྩེ་བྱེད། ཁོ་ཚོའི་སྲོལ་རྒྱུན་གྱི་ལས་རྩལ་བྱ་འགུལ་ནི་སྟོན་པའི་བྲོ་གར་ཡིན། 


མཉམ་སྤྱོད།