མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ནུའུ་རིགས།

2022-12-29 16:17:23   |   346

        ནུའུ་རིགས(怒族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་པི་ཅང་དང་ཧྥུའུ་གོང་། གོང་ཧྲང་བཅས་རྫོང་གསུམ་དུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས37520ལྷག་ཡོད། དེ་སྔ་མི་རིགས་དེར་འབོད་ཚུལ་མང་པོ་ཞིག་ཡོད་ཀྱང་། བཅིངས་འགྲོལ་བྱས་རྗེས་གཅིག་གྱུར་གྱིས་ནུའུ་རིགས་ཞེས་མིང་བཏགས། མི་རིགས་རང་ལ་ཡི་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད།

         ནུའུ་རིགས་ཀྱི་སྐྱེས་པ་ཚོས་སོ་རས་ཀྱི་ལྭ་རིང་དང་རྐང་སྣམ་ཐུང་ཐུང་གོན་པ་དང་། མགོ་དཀྲི་ནག་པོ་དཀྲི་ཞིང་། སྐྱེས་པ་དར་མ་རྣམས་ནི་གྲི་འདིགས་པ་དང་མདའ་གཞུ་འཁུར་བར་དགའ། བུད་མེད་ཀྱི་གྱོན་པ་ནི་ས་ཆའི་དབང་གིས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། སྤྱིར་ཐུ་བ་བསྣོལ་བའི་གོས་རིང་དང་སོ་རས་ཀྱི་སྨད་གཡོགས་གོན་པ་ཡིན།

         ནུའུ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན། དེར་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། དམངས་གླུ་སོགས་ཡོད་ཅིང་། དམངས་གླུ་ནི་ནུའུ་རིགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ལསརྔོན་པའི་གླུདངགཉེན་གླུ》《་ཕྲུག་གི་གླུསོགས་ཀྱིས་ཕྱོགས་མི་འདྲ་བའི་སྒོ་ནས་ནུའུ་རིགས་མི་དམངས་ཀྱི་འཚོ་བའི་ལོ་རྒྱུས་དང་མི་རིགས་རང་གི་སེམས་ཁམས་མཚོན་ཡོད་པར་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དོན་སྙིང་ཟབ་མོ་ཡོད། ནུའུ་རིགས་ཀྱི་སྐྱེས་ཕོ་མ་ཚང་མ་ཆང་འཐུང་བར་དགའ་ཞིང་། ཆང་འཐུང་དུས་བཟི་དགོས་པའི་ལུགས་སྲོལ་ཡོད། ལོ་རེའི་ལུགས་གསར་ལོ་སར་གྱི་སྔ་གཞུག་གམ་ལུགས་རྙིང་ལོ་སར་གྱི་སྔ་གཞུག་ཏུ་ནུའུ་རིགས་ཀྱིས་ལོ་གསར་གཏོང་པ་དང་། ལོ་རེའི་ལུགས་རྙིང་གི་ཟླ3པའི་ཚེས15ཉིན་ལྷ་མོའི་དུས་ཆེན་ལ་རོལ་བཞིན་ཡོད། སྨྱུག་མའི་སྟེང་ནས་མཐོ་ལྡིང་འགྲན་སྡུར་བྱེད་པ་ནི་ནུའུ་རིགས་ཀྱི་ལས་རྩལ་བྱ་འགུལ་གཙོ་བོ་ཡིན།


མཉམ་སྤྱོད།