མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཕུའུ་སྨི་རིགས།

2022-12-29 16:20:29   |   354

ཕུའུ་སྨི་རིགས(普米族)ཀྱིས་རང་ལ“ཐུའུ་ཡུན་སྨི”དང“ཕུའུ་རི་སྨི”སོགས་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་ཅིང་། དེ་རིགས་ཀྱི་ནང་དོན་ནི་མི་དཀར་བོ་ཞེས་པའི་དོན་ཡིན། 1960ལོར་མི་རིགས་རང་གི་འདུན་པ་ལྟར་གཅིག་གྱུར་གྱིས“ཕུའུ་སྨི་རིགས”ཞེས་མིང་བཏགས། མི་རིགས་དེ་གཙོ་བོ་ཡུན་ནན་དང་སི་ཁྲོན་ས་ཁུལ་དུ་ཁྱབ་ཡོད་ལ། ཁྱོན་སྡོམ་མི་གྲངས42860ལྷག་ཡོད། ཕུའུ་སྨི་རིགས་ཀྱིས་ཕུའུ་སྨི་སྐད་ཆ་བཤད་པ་དང་སྤྱི་ཁྱབ་ཀྱིས་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད། ས་ཆ་མང་ཤོས་ཀྱི་སྐྱེས་པའི་གྱོན་གོས་ཕལ་ཆེར་འདྲ་ལ། སྐྱེས་པ་ཚང་མས་སོ་རས་ཀྱིས་བཟོས་པའི་ཁོག་སྟོད་དང་ལུག་ལྤགས་ཀྱིས་བཟོས་པའི་ཁན་སྦྱར་གྱོན་ཞིང་རྐང་སྣམ་ཁོད་ཆེན་གོན་ལ། སྣམ་བུ་དང་ཕྲུག་གིས་བཟོས་པའི་ལྭ་རིང་གོན་མཁན་ཡང་ཡོད། བུད་མེད་རྣམས་ཀྱིས་མགོ་དཀྲིས་དཀྲི་བ་དང་སྐྲ་སྣེར་ནོར་གྱི་རྔ་རྩིད་སོགས་བསྲེས་ཏེ་འདོགས་པར་དགའ་ཞིང་། གཞུང་གཤགས་ཁོད་ཆེ་བའི་ཁོག་སྟོད་དང་སྨད་གཡོགས་སྦུབས་མ་གོན་པ་དང་། མདོག་དམར་སེར་ལྗང་གསུམ་ཅན་གྱི་སྐ་རགས་བཅིངས་པར་དགའ། 

ཕུའུ་སྨི་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད། དམངས་གླུ་སོགས་ཡིན། 《མིང་སྲིང་མཉམ་འབྲེལ》དང《ཆུ་ལོག་ཆེན་པོ》ལ་སོགས་ཀྱི་ལྷ་སྒྲུང་དང་། 《ཁྭ་ཏ་ནག་པོར་གྱུར་པའི་གཏམ་རྒྱུད》 《སྦལ་བ་དང་བུ་མོ》ལ་སོགས་ཀྱི་དམངས་ཁྲོད་གཏམ་རྒྱུད་བཅས་ཀྱིས་ཕུའུ་སྨི་རིགས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་རང་བྱུང་ཁམས་འདུལ་བའི་བརྒྱུད་རིམ་མཚོན་ཡོད་པར་མ་ཟད། གཞུང་དྲང་དཔའ་བོའི་རིགས་ལ་བསྟོད་བསྔགས་བྱས་ཡོད་པས། ནང་དོན་ཕུན་སུམ་ཚོགས་ཤིང་དོན་སྙིང་ཆེན་པོ་ལྡན། དེ་ལས་གཞན་ད་དུང་ཡུལ་སྲོལ་གོམས་འདྲིས་སོགས་མཚོན་པའི་དམངས་གླུ་ཡང་མང་བོ་ཡོད། 

ཕུའུ་སྨི་རིགས་ཀྱིས་གཉེན་སྟོན་བྱེད་སྐབས་བག་མར་འགྲོ་བའི་བུ་མོ་དེ་ཕ་མས་རི་མགོའམ་ཞིང་ཁར་ལས་ཀར་མངགས་ངེས་ཡིན། གཉེན་ཚང་བག་མ་བསུ་བར་ཐོན་པ་ན་ད་གཟོད་སྐྱེས་པ་ཞིག་མངགས་ཏེ་བུ་མོ་འཚོལ་བར་འགྲོ། གཉེན་ཚང་གིས་བག་མ་བསུས་ནས་རང་ཁྱིམ་ལ་སླེབ་སྐབས་རི་རྩེར་ཉི་མ་ཤར་བ་དང་དུས་མཉམ་ཡིན་དགོས། མི་རིགས་དེའི་དུས་ཆེན་གཙོ་བོ་ནི་ལོ་སར་དང་རི་སྐར་འདུ་ཚོགས། དཔལ་འབར་དུས་ཆེན། བཅོ་ལྔའི་དུས་ཆེན་བཅས་ཡིན་ལ། སྤྱིར་བཏང་དུ་ལོ་སར་ཉིན་གསུམ་ནས་ཟླ་བ་ཕྱེད་ཀ་ཙམ་ལ་རོལ་པ་དང་། ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན་རྒྱན་གོས་སྤྲས་པ་དང་བྲོ་སོགས་བཟུང་ནས་རི་འདབས་སུ་འཚོགས་ཏེ་རིག་རྩལ་གྱི་བྱ་འགུལ་མང་བོ་སྤེལ། དཔལ་འབར་དུས་ཆེན་ནི་ལོ་རེའི་ཟླ6པའི་ཚེས24ཉིན་ཡིན་ལ། དུས་ཆེན་སྐབས་སུ་རྒན་པ་ཚོས་ཕག་དང་ལུག་སོགས་བཤས་ནས་གནམ་ལ་མཆོད་དེ་མི་ཕྱུགས་ཀྱི་གོད་ཁ་དང་ན་ཚ་སེལ་བ། ཕྱི་ལོར་ལོ་ལེགས་རྒྱས་པའི་སྨོན་ལམ་འདེབས། མདའ་འཕེན་པ་དང་འཇུ་རེས་བྱེད་པ་ནི་ཕུའུ་སྨི་རིགས་ཀྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཡིན་ལ། ལོ་རེའི་ལོ་སར་དང་དུས་ཆེན་གཞན་པའི་སྐབས་སུ་ད་གཟོད་རིག་རྩལ་བྱ་འགུལ་འདི་དག་སྤེལ་བཞིན་ཡོད། 


མཉམ་སྤྱོད།