དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆང་རིགས།

2022-12-29 16:25:06   |   499

ཆང་རིགས(羌族)ཞེས་པ་ལ་རང་གི་སྐད་དུ“ཨེར་མ”ཟེར་ཞིང་། ནང་དོན་ནི་ས་དེ་གའི་མི་ཡིན་ཞེས་པའི་དོན་ཡིན། གཙོ་བོ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཝུན་ཆང་རིགས་རང་སྐྱོང་རྫོང་དང་ཝུན་ཁྲོན་རྫོང་། ལིས་རྫོང་། ཁྲོ་ཆུ་རྫོང་། ཟུང་ཆུ་རྫོང་སོགས་སུ་ཁྱབ་ཡོད། ཁྱོན་སྡོམ་མི་གྲངས309570ལྷག་ཡོད། ཆང་རིགས་ལ་ལོ་ངོ3000ཡན་གྱི་ལོ་རྒྱུས་ལྡན་པ་དང་། ཀྲན་གོའི་དུས་སུ་ཀན་སུའུ་དང་མཚོ་སྔོན་ས་ཁུལ་ནས་རྨིན་ཅང་གཙང་བོའི་སྟོད་རྒྱུད་དུ་སྤར་ཏེ་ས་དེ་གའི་སྡོད་དམངས་དང་མཉམ་བསྲེས་བྱས་པས་ད་ལྟའི་ཆང་རིགས་གྲུབ། ཆང་རིགས་ལ་མི་རིགས་རང་གི་ཡིག་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད། ཆང་རིགས་ཀྱི་སྐྱེས་ཕོ་མོ་ཚང་མས་སོ་རས་དང་ཡང་ན་རས་ཀྱི་ལྭ་རིང་གོན་པ་དང་ཕྱི་ལ་ལུག་ལྤགས་དང་ཕྱིང་བ་ལས་བཟོས་པའི་ཁན་སྦྱར་རིང་བོ་གྱོན། སྐྱེས་ཕོ་མོ་ཚང་མས་མགོ་ལ་མདོག་སྨུག་སྐྱ་དང་དཀར་བོའི་མགོ་དཀྲི་རྒྱག  ཆང་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། ལྷ་སྒྲུང་སྟེ། 《རྨ་ཆུ་དགུང་ལ་འཕྱུར་བའི་གཏམ་རྒྱུད》དང《ལྷ་རྡོ་དཀར་བོའི་གཏམ་རྒྱུད》སོགས་ཡོད། དེས་ཆང་རིགས་མི་དམངས་ཀྱིས་རང་བྱུང་ཁམས་དང་མིའི་རིགས་ཀྱི་འབྱུང་ཁུངས་ལ་ཤེས་རྟོགས་བྱུང་བའི་གོ་རིམ་མཚོན་ཡོད་ཅིང་། དམངས་ཁྲོད་གཏམ་རྒྱུད་དང་ངག་རྒྱུན《སྦལ་བའི་མེ་ཏོག》དང《དྲེད་མོང་དང་མིའི་གཏམ་རྒྱུད》སོགས་ཀྱིས་དྲང་བདེན་མཛེས་གསུམ་ལ་དགག་ཚད་མེད་བྱས་ཡོད། 

ཆང་རིགས་ཀྱི་ཟ་མ་གཙོ་བོ་འབྲས་དང་ནས། ཡུང་མ་སོགས་ཡིན། བོད་ཟླ4བའི་ཚེས1དང་བོད་ཟླ10བའི་ཚེས1ཉིན་ནི་ཆང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་རི་ལྷ་མཆོད་པ་དང་ལོ་སར་དུས་ཆེན་ཡིན། 


མཉམ་སྤྱོད།