མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཟ་ལར་རིགས།

2022-12-29 16:27:49   |   382

       ཟ་ལར་རིགས(撒拉族)ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་གི་མཐའ་མཚམས་སུ་འཚོ་བ་རོལ་བཞིན་ཡོད་དེ། གཙོ་ཆེར་མཚོ་སྔོན་ཞིང་ཆེན་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་དང་དེའི་འདབས་འབྲེལ་གྱི་དཔའ་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཀ་མདོ་ཞང་། ཀན་སུའུ་ཞིང་ཆེན་ཧྲི་ཧན་པོ་ཨན་རིགས་ཏུང་ཞང་རིགས་ཟ་ལར་རིགས་རང་སྐྱོང་རྫོང་སོགས་སུ་འདུས་སྡོད་བྱས་ཡོད། དེ་མིན་ད་དུང་གྲངས་འབོར་ཉུང་ཤས་ཤིག་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ཁུལ་དང་རྫོང་གཞན་པ་རུ་ཡོད་ལ། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཡུ་ཉིན་རྫོང་དང་ཝུ་རམ་ཆིའི་གྲོང་ཁྱེར་སོགས་སུ་ཡང་ཉུང་ཤས་ཡོད། 2000ལོའི་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་རྩིས་ལེན་ཐེངས་ལྔ་བ་ལྟར་ན། ཟ་ལར་རིགས་ལ་མི་གྲངས130600ལྷག་ཡོད། གཙོ་བོ་ཞིང་ལས་གཉེར་བཞིན་ཡོད། ཟ་ལར་རིགས་ཀྱིས་ཟ་ལར་སྐད་སྤྱོད་བཞིན་ཡོད་དེ། དེ་ནི་ཨར་ཐེའི་སྐད་བརྡའི་ཁོངས་ཀྱི་གྲུ་གུའི་སྐད་རིགས་ཀྱི་ཞུང་ནོའུ་སྐད་རིགས་སུ་གཏོགས། ཟ་ལར་རིགས་མི་ཉུང་བ་ཞིག་གིས་རྒྱ་སྐད་དང་བོད་སྐད་ཀྱང་བཤད་ཤེས། ཁོ་ཚོར་རང་གི་ཡི་གེ་མེད་པར་དུས་རྒྱུན་རྒྱ་ཡིན་བཀོལ་བཞིན་ཡོད། 

ཟ་ལར་རིགས་ཀྱི་གཉེན་སྒྲིག་ལམ་ལུགས་ནི་ཁྱོ་གཅིག་ཤུག་གཅིག་ལམ་ལུགས་ཡིན། གཉེན་དོན་གཙོ་བོ་ཕ་མས་ཐག་གཅོད་བཞིན་ཡོད་ལ། ཨ་ཧུང་གིས་གཉེན་མགོ་འཛིན་པར་བྱེད། ཟ་ལར་རིགས་ནི་དབྱི་སི་ལན་ཆོས་ལུགས་ལ་དད་པས་འདས་མཆོད་སྟབས་བདེ་བསྒྲུབས་ཏེ་དུར་འཇུག་བྱེད་བཞིན་ཡོད། 

ཟ་ལར་རིགས་ཀྱི་རྒྱན་གོས་ནི། སྐྱེས་པ་ཚོས་མགོ་རུ་ཞྭ་མོ་དཀར་བོ་དང་ནག་པོ། ཡང་ན་སྒོར་ཞྭ་གོན་པ་དང་། སྟོད་གོས་སུ་སྟོད་ཐུང་དཀར་བོ་གོན་ཞིང་། སྐེད་པར་དར་གོས་དམར་བོ་བཅིངས་པར་བྱེད། ལོ་རྒན་པ་ཚོས་ལྭ་རིང་གོན་པ་དང། ཟ་ལར་རིགས་ཁ་ཤས་ཀྱི་གོན་པ་བོད་ཆས་སུ་བསྒྱུར་ཡོད། 

བཟའ་བཏུང་གི་ཐད་ནས། གྲོ་ཕྱེ་གཙོ་བོ་ཡིན་ཞིང་ནས་དང་བྲ་བོ། ཞོག་ཁོག་དང་སྔོ་ཚལ་སྣ་ཚོགས་ཀྱང་ཞོར་དུ་བསྟེན་བཞིན་ཡོད། དུས་ཆེན་དང་མགྲོན་བསུ་བྱེད་ཚེ། གོ་རེ་སྣུམ་བཙོས་བཟོ་བ་དང་ཤ་བཙོ་བ་སོགས་བྱས་ནས་དུས་ཆེན་ལ་རོལ་པའམ་མགྲོན་པོར་སྣེ་ལེན་བྱེད། འོ་ཇ་དང་གྲོ་ཇ་ནི་ཟ་ལར་རིགས་ཀྱི་རྒན་གཞོན་ཕོ་མོ་ཚང་མ་ཆེས་དགའ་བའི་བཏུང་བྱ་ཡིན། ཁྱིམ་ཚང་རེ་རེར་མེ་ཐབ་དང་ཅ་ནེ་སོགས་ཇ་ཆས་འཛོམས་པོ་ཡོད། ཤ་རིགས་ལ་སྐམ་ལུག་གི་ཤ་དང་བྱ་ཤ་གཙོ་བོ་ཡིན། ཕག་དང་བོང་བུ། རྟ་དང་དྲེལ་སོགས་དང་ཤི་ཟིན་པའི་སྲོག་ཆགས་ཀྱི་ཤ་ལ་འཛེམ་པར་བྱེད། 

ཟ་ལར་རིགས་ཀྱི་དུས་ཆེན་གཙོ་བོ་ལ་སྨྱུང་གནས་དུས་ཆེན་དང་གུར་སྦན་དུས་ཆེན། གསུམ་པའི་བཅུ་གཉིས་ཀྱི་དུས་ཆེན་བཅས་དུས་ཆེན་གསུམ་ཡོད། 


མཉམ་སྤྱོད།