མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཧྲེ་རིགས།

2022-12-29 16:32:41   |   360

 ཧྲེ་རིགས(畲族)ནི་ཧྥུ་ཅན་དང་ཀྲེ་ཅང་། ཅང་ཞི། ཀོང་ཏུང་། ཨན་ཧོས་བཅས་ཞིང་ཆེན་ལྔའི་རྫོང(གྲོང་ཁྱེར)བརྒྱད་ཅུའི་རི་ཁུལ་ཁ་ཤས་སུ་ཐོར་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས708650ལྷག་ཡོད་ཅིང་དེའི་ནང་དུ་ཧྥུ་ཅན་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་མི་གྲངས96%ཙམ་ཟིན། ཧྲེ་རིགས་ལ་མི་རིགས་རང་གི་ཡི་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད། 

  ཧྲེ་རིགས་ནི་དུས་ཡུན་རིང་བོར་རྒྱ་རིགས་དང་མཉམ་འདུག་བྱས་པས་ད་ལྟའི་ཧྲེ་རིགས་ཀྱི་གྱོན་ཆས་ཕལ་ཆེར་རྒྱ་རིགས་དང་འདྲ། སྐྱེས་པ་ཚོས་གོང་བ་མེད་པའི་མདོག་སྔོནཔོའི་ལྭ་ཐུང་གོན་པ་དང་བྲང་ཁར་འབྲུག་རིས་ཀྱི་མེ་ཏོག་གཙགས་ཡོད་རྐང་ལ་མདོག་ནག་རས་ལྷམ་གོན། སྐྱེས་མ་ཚོས་རང་མི་རིགས་ཀྱི་གྱོན་ཆས་སོར་བཞག་བྱས་ཡོད་པ་དང་། རྨ་བྱའི་གྱོན་ཆོས་ནི་ཧྲེ་རིགས་སྐྱེས་མའི་དཔེ་མཚོན་རང་བཞིན་གྱི་གྱོན་ཆས་སུ་གྱུར་ཡོད་ལ།   དེ་ནི་སྟོད་ལྭའི་ཐོག་བྱ་བྱིའུ་དང་མེ་ཏོག་སོགས་གཙགས་ནས་མཛེས་སྡུག་ལྡན་པའི་རྨ་བྱར་དཔེ་ལྟ་བྱེད་བཞིན་ཡོད། ད་ལྟ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྲོལ་རྒྱུན་གྱི་རྨ་བྱའི་གྱོན་ཆས་དེའང་རྣམ་པ་གསར་བའི་ཕྱོགས་སུ་འགྱུར་མགོ་བརྩམས། ཧྲེ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན། གཞས་གླུ་ནི་ཧྲེ་རིགས་མི་དམངས་ཀྱི་རིག་གནས་ཁྲོད་ཀྱི་མུ་ཏིག་ལྟ་བུར་གྱུར་ཡོད། ཁོ་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གླུ་ཡིས་ལབ་གླེང་གི་ཚབ་བྱས་ནས་ཕན་ཚུན་ལ་ལན་འདེབས་རེས་བྱེད། ཁྱད་པར་དུ་གླུ་ལེན་སྟངས་ལ་ཁེར་ལེན་དང་ཕན་ཚུན་ལེན་རེས་བྱེད་པ་སོགས་རྣམ་པ་ཧ་ཅང་མང་བས་རང་རྒྱལ་གྱི་དམངས་ཁྲོད་རོལ་དབྱངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱས་རྗེས་བླ་མེད་བཞག་ཡོད། ཧྲེ་རིགས་ཀྱི་ལོ་རྒྱུས་སྙན་ངག་རིང་མོ《ཕན་གུའུ་གླུ》སོགས་ཀྱིས་རང་མི་རིགས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར་གྱི་གོ་རིམ་བཤད་ཡོད་པས་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན། དེ་མིན་ཧྲེ་རིགས་དམངས་ཁྲོད་ཀྱི་གཙགས་དྲུབ་དང་སྨྱུག་ཞྭའི་སླས་འཐག་ཀྱང་ཧ་ཅང་ཞིབ་ལ་མཛེས་སྡུག་ལྡན་པས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན། ཧྲེ་རིགས་ཀྱི་ཕོ་མོའི་འབྲེལ་བ་ལྷང་གསལ་ཡིན་ཞིང་གཉེན་སྒྲིག་ལ་རང་དབང་ཡོད། བུ་མོ་གནས་ལ་འགྲོ་དུས་རང་བཞིན་གྱིས་ལེགས་སྐྱེས་བརྫངས་པ་ལས་གཞན་ད་དུང་ཞིང་ལས་ཐད་བཀོལ་བའི་ལག་ཆ་སོགས་ཀྱང་བརྫངས་པ་ཡིན་པས། དེས་བུད་མེད་རྣམས་ངལ་རྩོལ་ལ་དགའ་བའི་རྟགས་མཚན་མཚོན་བཞིན་ཡོད། 

 ཧྲེ་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་དྲག་རྩལ་དང་ཁྲི་ཚུན་འཇལ་བ་སོགས་ཡོད། 


མཉམ་སྤྱོད།