མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཧྲུའེ་རིགས།

2022-12-29 16:33:54   |   227

         ཧྲུའེ་རིགས(水族)ནི་གཙོ་བོ་ཀོས་ཀྲིག་སེན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཀོས་ཀྲིག་ཞིང་ཆེན་གྱི་ལི་པོ་དང་ཏུའུ་ཧྲན། ཏུའུ་ཡུན། ཚུང་ཅང་རྫོང་དང་ཀོང་ཞིའི་རོང་ཨན་དང་ནན་ཏན། ཧི་ཁྲི་རྫོང་སོགས་སུའང་ཐོར་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས411840ལྷག་ཡོད། རང་མི་རིགས་ཀྱི་སྐད་རིགས་བཀོལ་བཞིན་ཡོད་པ་དང་སྔར་ཡོད་ཀྱི“ཧྲུའེ་ཧྲུའུ”ཞེས་པའི་ཡི་གེ་དེ་ཆོས་ལུགས་ཁོ་ནར་མ་གཏོགས་བཀོལ་སྤྱོད་བྱེད་ཀྱིན་མེད། ཡོངས་ཁྱབ་ཏུ་རྒྱ་ཡིག་བཀོལ་བཞིན་ཡོད།

         ཧྲུའེ་རིགས་ཀྱི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ལྭ་མདོག་ནག་པོའི་ལྭ་རིང་གོན་པ་དང་། མགོ་དཀྲིས་ནག་པོ་དཀྲི། སྐྱེས་མ་ཚོས་གོང་བ་མེད་པའི་གཞུང་གཤགས་སྟོད་ལྭ་ནག་པོ་འབྲིང་ཙམ་ཞིག་དང་རྐང་སྣམ་མདོག་ནག་རིང་བོ་གོན། སྟོད་ལྭ་དང་རྐང་སྣམ་གྱི་མཐའ་རྒྱན་དུ་རི་མོ་དམར་བོ་དང་ལྗང་ནག་གཙགས་འདུག་ལ། མེ་ཏོག་གཙགས་ཡོད་པའི་ལྷམ་གོན་པར་དགའ། གཉེན་སྒྲིག་མ་བྱས་པའི་བུ་མོ་ཚོས་མེ་ཏོག་གཙགས་ཡོད་པའི་ལྷམ་གོན་པ་ལས་མེ་ཏོག་གཙགས་ཡོད་པའི་ལྭ་མི་གོན། དུས་ཆེན་གྱི་སྐབས་སུ་རྣ་ལོང་དང་ལག་གདུབ། སྐེ་རྒྱན་སོགས་ཀྱི་རྒྱན་ཆ་འདོགས། 

       ཧྲུའེ་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན། དེ་ལ་སྙན་ཚིག་དང་གཏམ་རྒྱུད། ངག་རྒྱུན། ལྷ་སྒྲུང་སོགས་འདུས་མོད། དེ་ལས་སྙན་ཚིག་གིས་གོ་གནས་གལ་ཆེན་བཟུང་ཡོད། ཁོ་ཚོའི་ཞབས་བྲོ་ལ་ཟངས་རྔ་ཞབས་བྲོ་དང་ཧྲུའུ་ཧྲེང་ཞབས་བྲོ། འབྲུག་བྲོ་སོགས་ཡོད་པ་ལས་ཟངས་རྔ་ཞབས་བྲོ་ནི་ཆེས་གནའ་བོའི་ཞབས་བྲོ་ཞིག་ཡིན། ལག་ཤེས་ལ་རི་མོ་དང་མེ་ཏོག་གཙགས་པ། ཚོས་འབྱུག པར་རྐོ། སྨྱུག་ཆས་བཟོ་བ་སོགས་ཡོད། 

        ཧྲུའེ་རིགས་ཀྱི་ཟ་མ་གཙོ་བོ་ནི་འབྲས་དང་ཞོར་ཟས་ནི་གྲོ་ནས་དང་མ་རྨོས་ལོ་ཏོག་སོགས་ཡིན། ཆེས་རྩ་ཆེ་བ་དང་ཆེས་བརྩི་མཐོང་བྱེད་པའི་ཟས་མཆོག་ནི“ཉ་ཁོག་ཏུ་ཀེའུ་ཚོད་བཏུམ་པ”ཞེས་པ་དེ་ཡིན། ངག་རྒྱུན་དུ་ཟས་དེ་ནི་མེས་པོས་ཚོད་མ་སྣ་དགུ་དང་ཉ་ཤ་བསྲེས་ནས་གཡོ་བ་ཞིག་ཡིན་ལ། དེ་ནི་ཟས་ཞིམ་པོ་ཞིག་ཡིན་པར་མ་ཟད། ད་དུང་མེས་པོར་མཆོད་བྱེད་ཀྱི་ཟས་སྣ་ཞིག་ཀྱང་ཡིན། 

         སྔོན་ཆད་ཧྲུའེ་རིགས་ལ་ཐོན་སྐྱེད་འཚོ་བའི་ཁྲོད་སྤང་བྱ་མང་བོ་ཡོད་དེ། འབྲུག་ཐེངས་དང་པོ་གྲགས་རྗེས་ཉིན་དུ་མའི་རིང་ལ་ལས་ཀར་ཞུགས་མི་རུང་བ་དང་། སྐྱེས་པས་ཞིང་མི་འདེབས་པ་དང་སྐྱེས་མས་ཞིང་མི་རྨོ་བ་སོགས་ཡོད། དཔལ་འབྱོར་དང་རིག་གནས་འཕེལ་རྒྱུས་སུ་སོང་བ་དང་བསྟུན་ནས་མི་རྣམས་བཀག་སྡོམ་དེ་དག་ལས་གྲོལ་ཡོད། 

              ཧྲུའེ་རིགས་ཀྱི་བཀུར་བསྟི་དུས་ཆེན་ནི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། དེ་ཕལ་ཆེར་ལོ་རེའི་ཟླ་དགུ་བའི་ཟླ་སྨད་ནས་ཟླ་བཅུ་གཅིག་པའི་ཟླ་སྟོད་བར་ལ་རོལ། དུས་ཆེན་གྱི་སྐབས་སུ་རྟ་རྒྱུག་འགྲན་པ་དང་གླུ་ལེན་པ། ཟངས་རྔ་རྡུང་བ་སོགས་ཀྱི་བྱ་འགུལ་སྤེལ། ཧྲུའེ་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ནི་རྟ་རྒྱུག་འགྲན་པ་དེ་ཡིན།  



མཉམ་སྤྱོད།