དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཡུ་གུར་རིགས།

2022-12-29 16:42:06   |   1129

ཡུ་གུར་རིགས(维吾尔族)ནི་གཙོ་བོ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་འདུས་སྡོད་བྱས་ཡོད་ཅིང་ཁྱོན་སྡོམ་མི་གྲངས10069340ལྷག་ཡོད། ཡུ་གུར་རིགས་ལ་རང་མི་རིགས་ཀྱི་ཡི་གེ་ཡོད་པ་དང་ཨ་ལ་པོའི་གསལ་བྱེད་ཀྱི་ཡུ་གུར་སྐད་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད། 

ཡུ་གུར་རིགས་ཀྱི་རྩོམ་རིག་ལ་དུས་ཡུན་རིང་བོའི་ལོ་སྒྱུས་ལྡན། དམངས་ཁྲོད་རྩོམ་རིག་ནང་དཔའ་བོའི་ལོ་སྒྱུས་མཚོན་པའི་སྙན་ངག་དང་དམངས་གླུ། དམངས་ཁྲོད་གཏམ་རྒྱུད་སོགས་ཡོད།  ཡུ་གུར་རིགས་ཀྱི་ཆེས་སྔ་བའི་རྩོམ་རིག་བརྩམས་ཆོས་ནི《པུས་ཅ་ཁུ་ཧན་རྡོ་རིང》སོགས་ཡིན་ལ། དེ་ནི་ཡུ་གུར་རིགས་ཀྱི་རྩོམ་རིག་གི་དཔེ་ཆ་ཐོག་མ་ཡིན། ཡུ་གུར་རིགས་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་ནང་གླུ་གཞས་ཟློས་གར་དང་། གཏམ་བརྗོད་ཟློས་གར། ལྷུག་རྩོམ། བརྩམས་སྒྲུང་། རྩོམ་རིག་དཔྱད་གཏམ་སོགས་འདུས་ལ། བརྩམས་ཆོས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མཚོན་པ་རེད། དཔེར་ན《ལྔ་བའི་གླུ་དབྱངས》དང《ཀྲུང་གོ》ལྟ་བུ། 

ཡུ་གུར་རིགས་ཀྱི་གྱོན་ཆས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ཡོད།  ཁོ་ཚོའི་སྐྱེས་པ་ཚོས་ཁོག་སྟོད་ལ་སྟོད་ཐུང་གོན་པ་དང་སྐྱེས་མ་ཚོས་ཚོན་མདོག་མང་ཞིང་དར་གོས་རིགས་ཀྱིས་བཟོས་པའི་སྨན་གཡོགས་སྟོད་འབྱར་ཅན་གོན་ལ། སེན་མོར་ཚོན་བསྐུས་པ་དང་སྐེ་རྒྱན། རྣ་ལུང་། ལག་གདུབ། སོར་གདུབ་སོགས་རྒྱན་ཆ་འདོགས་པར་ཧ་ཅང་དགའ། ཁོ་ཚོའི་གཉེན་སྒྲིག་མཛད་སྒོ་ནི་སྲོལ་རྒྱུན་ལྟར་དུ་ཉིན་གཉིས་ལ་བྱེད། ཉིན་དང་པོར་བུད་མེད་ཀྱི་ཁྱིམ་དང་། ཉིན་གཉིས་པར་སྐྱེས་པའི་ཁྱིམ་དུ་གཉེན་སྒྲིག་མཛད་སྒོ་བསྡུ་བའི་ལུགས་སྲོལ་ཆགས་ཡོད། ཡུ་གུར་རིགས་ཀྱིས་དུས་རྒྱུན་འབྲས་དང་ལུག་ཤ། ལ་ཕུག  གཡིས་སོགས་ཀྱིས་གཡོས་པའི“ཕུའུ་ལུའུ”(ཡུ་གུར་སྐད)ཟ་བར་དགའ་ཞིང་། ཞོར་དུ་སྐམ་ཤ་དང་ལུག་ཤ། བྱ་ཤ་སོགས་ཟ་བར་ཡང་ཧ་ཅང་དགའ། 

ཡུ་གུར་རིགས་ཡང་ཧོར་རིགས་དང་འདྲ་བར་དབྱི་སི་ལན་ཆོས་ལུགས་ལ་དད་པ་དང“སྨྱུང་གནས་གྲོལ་བའི”དུས་ཆེན་སོགས་དུས་ཆེན་གསུམ་ཡོད། ཡུ་གུར་མི་རིགས་ནི་གླུ་གར་ལ་མཁས་པས་མེས་རྒྱལ་གྱི་དམངས་གླུ་རིག་གནས་ཁྲོད་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད་ཅིང་གླུ་གར་གྱི་མི་རིགས་ཞེས་མིང་གྲགས་ཡོད།



མཉམ་སྤྱོད།