མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་དབྱར་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་ལེགས་བཅོས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཁྱབ།

2023-06-30 17:05:33   |   1110

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས།  མཚོ་བྱང་སྤྱི་བདེ།   བཤེར་འབེབས། རིན་ཆེན་ཚེ་རིང་། 


ཁུལ་ཡོངས་ཀྱི་དབྱར་དུས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་བསྣན་ཏེ། བགྲོད་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་དུས་བདེ་བརྟན་ལྷིང་གི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁོར་ཡུག་བསྐྲུན་པ་བཅས་ཀྱི་ཆེད་དུ། དེ་རིང་ནས་བཟུང་ཁུལ་ཡོངས་སུ་དབྱར་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་ལེགས་བཅོས་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་བ་གཤམ་ལྟར།

གཅིག ལེགས་བཅོས་ཀྱི་ནང་དོན།

1.གཞུང་ལམ་འགྲུལ་སྐྱེལ་དང་གནས་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱིས་ལག་ཁྱེར་མེད་པར་རླངས་འཁོར་སྐོར་བ་དང་། སྐོར་ཆོག་པའི་འཁོར་རིགས་དང་མི་མཐུན་པ། འགྲུལ་པ་ཚད་ལས་བརྒལ་བ། མྱུར་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་སྐོར་བ། འགྲུལ་པས་བདེ་འཇགས་སྲུང་ཐག་མི་སྤྱོད་པ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

2.ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གྲས་ཀྱིས་ལག་ཁྱེར་མེད་པར་རླངས་འཁོར་སྐོར་བ་དང་། སྐོར་ཆོག་པའི་འཁོར་རིགས་དང་མི་མཐུན་པ། ཤོང་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་སྐོར་བ་དང་མྱུར་བགྲོད་གཞུང་ལམ་ཐོག་ཁྲིམས་འགལ་ངང་རླངས་འཁོར་འཇོག་པའི་བྱ་སྤྱོད་དང་། ཟོག་འདྲེན་རླངས་འཁོར་ཆུང་གྲས་ཀྱི་ཤོང་ཚད་ལས་བརྒལ་བ། ཁྲིམས་འགལ་ངང་མི་སྐྱེལ་བ། ཁྲིམས་འགལ་ངང་སྒྱུར་བཅོས་བྱེད་པ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

3.ཉེན་ཁ་ཆེ་བའི་དངོས་རྫས་དང་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱིས་བཀག་སྡོམ་བྱས་པའི་གཏན་འབེབས་ལས་འགལ་ནས་འགྲོ་སྐྱོད་བྱེད་པ་དང་། ངལ་དུབ་ངང་རླངས་འཁོར་སྐོར་བའི་ཁྲིམས་འགལ་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

4.རྐང་འཁོར་འཁོར་གསུམ་དང་། འདྲུད་འཐེན་འཁོར་ལོ། མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་བཅས་ཀྱིས་ཁྲིམས་འགལ་ངང་མི་སྐྱེལ་བའི་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

5.འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས(གཙོ་གནད་ནི་འབོལ་འཁོར་དང་ཚོང་དོན་རླངས་འཁོར་ཡིན)ཀྱིས་ལག་ཁྱེར་མེད་པར་རླངས་འཁོར་སྐོར་བ་དང་། འགྲུལ་པ་ཚད་ལས་བརྒལ་བ། འགྲུལ་པས་བདེ་འཇགས་སྲུང་ཐག་མི་སྤྱོད་པ། ཆང་བཏུང་ནས་རླངས་འཁོར་སྐོར་བ། ར་བཟི་ནས་རླངས་འཁོར་སྐོར་བ། དུག་འཐེན་ནས་རླངས་འཁོར་སྐོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

6. རླངས་འཁོར་སྨྱོ་རྒྱུག་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན།

7.སྦག་སྦག་དང་གློག་སྒུལ་རྐང་འཁོར་སྐོར་མཁན་གྱིས་བདེ་འཇགས་ཞྭ་མོ་མི་གྱོན་པ་དང་། ལག་ཁྱེར་མེད་པར་སྐོར་བ། ཤོང་ཚད་ལས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

8.གཏན་འབེབས་ལས་འགལ་ནས་གཞུང་ལམ་བཟུང་བའི་ཨར་ལས་དང་། སྤུངས་གསོག་ལས་སྒྲུབ་དང་། གཞུང་ལམ་ཁྲོམ་ར་དང་ལམ་འགྲམ་གྱི་ཁྲོམ་འགྲེམ་བཅས་ཀྱིས་གཞུང་ལམ་བཟུང་ནས་ཚོང་གཉེར་བྱེད་པའི་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

9.གླ་གཏོང་རླངས་འཁོར་གྱིས་གང་བྱུང་དུ་ལམ་སྒྱུར་བ་དང་། ཁྲིམས་འགལ་ངང་རླངས་འཁོར་གཞན་ལས་བརྒལ་བ། གང་འདོད་དུ་རླངས་འཁོར་འཇོག་པ། གློག་དམར་པོ་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ལེགས་བཅོས་བྱེད་རྒྱུ་ཡིན།

གཉིས། ལེགས་བཅོས་བྱ་ཐབས།

ལེགས་བཅོས་བྱེད་པའི་རིང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་། 《ཉེས་ཁྲིམས་དོན་ཚན་བརྒྱ་དང་སོ་གསུམ་པའི་གྲས་ཤིག》《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱ་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས། ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན། གཅིག ཁྲིམས་འགལ་ཚབས་ཆུང་ཤོས་ལ་སློབ་གསོ་གཙོ་བོར་འཛིན་པ་དང་། རྒྱུན་མཐོང་གི་ཁྲིམས་འགལ་ལ་ཁྲིམས་འགལ་མ་བྱས་པའི་སྔོན་དུ་དྲན་སྐུལ་བྱེད་པ་དང་། སྤྱིར་བཏང་གི་ཁྲིམས་འགལ་ལ་ཐེངས་དང་པོར་ཐ་ཚིག་སྒྲོག་པ། གཉིས། ཁྲིམས་འགལ་ཚབས་ཆེན་དང་། ཁྲིམས་འགལ་འབུར་ཐོན། མི་གཞན་གྱི་བདེ་འཇགས་དང་འགྲོ་འོང་ལ་ཤུགས་རྐྱེན་བཟོ་བ་དང་སློབ་གསོ་ཡང་ཡང་བཏང་ཡང་ཡོ་བསྲང་མི་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་འབྲེལ་དངུལ་ཆད་གཅོད་པ་དང་། ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་བ། སྲིད་འཛིན་བཀག་ཉར། སྒྱུར་བཅོས་ལྷུ་ལག་བཙན་ཤེད་ཀྱིས་གཞུང་བཞེས་གཏོང་བ། རླངས་འཁོར་ལ་རིན་མེད་ཞིབ་བཤེར་བྱེད་མི་ཆོག་པ་སོགས་ཀྱི་སྲིད་འཛིན་ཆད་པ་གཅོད་པ་དང་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་རྒྱུ་ཡིན། གསུམ། བགྲོད་ལམ་འགྲིམ་འགྲུལ་ཉེས་གསོག་གི་དོགས་གཞི་ཡོད་པར་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱེད་རྒྱུ་ཡིན།

ཐེངས་འདིའི་ཆེད་དོན་བྱེད་སྒོ་ནི་འགྲིམ་འགྲུལ་ཐད་ཀྱི་ཚུལ་མིན་སྣང་ཚུལ་སྣ་ཚོགས་ལེགས་བཅོས་དང་དམངས་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་པས་རྒྱ་ཆེའི་མང་ཚོགས་ཀྱིས་བསམ་ཤེས་དང་། གཞོགས་འདེགས། རྒྱབ་སྐྱོར་བཅས་བྱེད་པའི་རེ་བ་ཞུ་བ་དང་། རང་རྟོགས་སྒོས་བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ་བགྲོད་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཤེས་དཔལ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཤར་གཏོང་དང་དཔལ་ཡོན་དང་གོ་རིམ་ལྡན་པའི་བགྲོད་ལམ་འགྲིམ་འགྲུལ་ཁོར་ཡུག་ཞིག་ཐུན་མོང་ཐོག་བསྐྲུན་དགོས།

བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།

                                                མཚོ་བྱང་ཁུལ་སྤྱི་བདེ་ཅུའི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས།

                                                                                  2023ལོའི་ཟླ6ཚེས30ཉིན།                    



མཉམ་སྤྱོད།