མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱིས2023ལོའི་དབྱར་གསེང་གི་སློབ་མའི་རོགས་སྐྱོར་སྐོར་གྱི་བློ་འདྲིའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་འདུག

2023-07-04 10:00:45   |   556

སྒྲིག་སྒྱུར།   སངས་རྒྱས་སྐྱིད།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།   


ཁུལ་ཡོངས་ཀྱི་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམ་པའི་སྙན་ལམ་དུ།

འབྲིང་རྒྱུག་དང་མཐོ་རྒྱུགས་བདེ་བླག་ངང་མཇུག་གྲིལ་བ་དང་བསྟུན་ནས། སློབ་མ་རྣམས་སློབ་འབྲིང་དཀྱུས་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའམ་ཡང་ན་མཐོ་རིམ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་འགྲོ་ལ་ཉེ་བས། རྒྱ་ཆེའི་སློབ་མ་གསར་པ་དང་ཁྱིམ་བདག་གིས་རྒྱལ་ཁབ་ཀྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་ཆེད།  ཁུལ་སློབ་གསོ་ཅུའི་སློབ་མའི་རོགས་སྐྱོར་ལྟེ་གནས་དང་རྫོང་སོ་སོའི་སློབ་གསོ་ཅུའི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས་སློབ་མའི་རོགས་སྐྱོར་ལས་དོན་གྱི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཡོད་དེ།  རྒྱུན་གཏན་གྱི་ལས་ཀའི་དུས་ཚོད་ནང་ཆེད་མི་བཀོད་སྒྲིག་བྱས་ཏེ་ཁ་པར་སྣེ་ལེན་དང་སྲིད་ཇུས་འགྲེལ་བཤད་བྱས་ཏེ་སློབ་མ་དང་ཁྱིམ་བདག་ལ་རོགས་རམ་བྱ་རྒྱུ་རེད།

9999.png

མཚོ་བྱང་ཁུལ་སློབ་གསོ་ཅུའི་སློབ་མའི་རོགས་སྐྱོར་ལྟེ་གནས་ཀྱིས་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ལ་དྲན་སྐུལ་བྱ་རྒྱུ་ནི། ལོ་རེའི་དབྱར་གསེང་དང་སློབ་མགོ་ཚུགས་སྐབས་ཀྱི་སྔ་རྗེས་ནི་གཡོ་ལེན་མགོ་སྐོར་བྱུང་བ་མང་བའི་དུས་སྐབས་ཡིན་པས། ངེས་པར་དུ་སློབ་གསོའི་སྡེ་ཁག་དང་མཐོ་སློབ་སོགས་ཀྱི་ཐབས་ལམ་དངོས་བརྒྱུད་དེ་སློབ་མའི་རོགས་སྐྱོར་སྲིད་ཇུས་བློ་འདྲི་བྱེད་དགོས་པ་དང་། དོགས་ཟོན་ཆེ་རུ་བཏང་ནས་མགོ་སྐོར་འོག་མི་ཚུད་པ་དང་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས།

མཚོ་བྱང་ཁུལ་སློབ་གསོ་ཅུ།

2023ལོའི་ཟླ7ཚེས3ཉིན།


མཉམ་སྤྱོད།