མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་སྤྱི་བདེ་ཅུའི་འཆལ་སྤྱོད་རྒྱན་སྐུག་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

2023-09-12 14:43:12   |   2260

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྤྱི་བདེ་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


“འཆལ་སྤྱོད་རྒྱན་སྐུག”གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་སྔར་ལས་རྡུང་རྡེག་ནན་མོ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྐྱུག་བྲོ་བའི་སྣང་ཚུལ་གཙང་སེལ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། མཚོ་བྱང་ཁུལ་སྤྱི་བདེ་ཅུས་ད་ལྟ་སྤེལ་བཞིན་པའི་དབྱར་དུས་ཀྱི་བཅོས་སྒྲིག་ཚ་ནན་གྱི་ཆེད་དོན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་ལ་ཕྱོགས་ནས“འཆལ་སྤྱོད་རྒྱན་སྐུག”དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་རྒྱུ་ཡིན་པ་དང་། ད་ཆ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ཁུངས་སྣེ་ཐེར་འདོན་གྱི་བདག་སྤྲོད་ཁྱབ་ཁོངས།

  1. འཆལ་སྤྱོད་རིགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ། བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་སྨད་འཚོང་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྒྲིག་འཛུགས་དང་། བཙན་ཤེད། ངོ་སྤྲོད། ཉར་འཇོག་སོགས་བྱས་པ་དང་། དྲ་རྒྱ་སྤྱད་དེ་སྨད་འཚོང་(སྒྲིག་འཛུགས)ངོ་སྤྲོད་དང་། འཆལ་སྤྱོད་ཀྱི་དངོས་རྫས་བརྒྱུད་བསྒྲགས། ཆགས་སྲེད་ཀྱི་འཁྲབ་སྟོན་སྒྲིག་འཛུགས་སོགས་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ། ནར་མ་སོན་པའི་བྱིས་པ་བེད་སྤྱོད་དང་། མགོ་སྐོར་བཏང་བ། བཙན་ཤེད་བྱས་པ། གནོད་འཚེ་བཏང་བ་བཅས་ཀྱི་འཆལ་སྤྱོད་ཁྲིམས་འགལ་གྱི་ཉེས་གསོག་སྤྱོད་ངན་སྤེལ་བ།

  2. རྒྱན་སྐུག་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ། བྱེད་སྒོ་སྤེལ་ཡུལ་སྤྱད་དེ་མི་མང་མཉམ་རུབ་ཀྱིས་རྒྱན་སྐུག་དང་། ཤོ་ཁང་ཕྱེས་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ་དང་། གསང་བའི་ས་ཆར་རྒྱན་སྐུག་མི་སྣ་སྒྲིག་འཛུགས་བྱས་ཏེ་མི་མང་མཉམ་རུབ་ཀྱིས་རྒྱན་བསྐུགས་པ་སོགས་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ་དང་། རོལ་རྩེད་འཕྲུལ་ཆས་བཞག་ནས་རྒྱན་བསྐུགས་པ་སོགས་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ། སྟེགས་གྲུག་དང་རྟ་རྒྱུག་སོགས་ལུས་རྩལ་བྱ་འགུལ་ལ་བརྟེན་ནས་རྒྱན་བསྐུགས་པའི་ཁྲིམས་འགལ་ཉེས་གསོག་སྤྱོད་ངན་སྤེལ་བ།

  3.  རྒྱལ་ཁོངས་ལས་བརྒལ་ཏེ་རྒྱན་བསྐུགས་པའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྤེལ་བ། མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་མཚམས་སྒྲོལ་ནས་རྒྱན་བསྐུགས་པ་དང་།  དྲ་རྒྱ་དང་སྒུལ་བདེའི་འཕྲིན་གཏོང་མཐའ་སྣེ་སོགས་ལ་བརྟེན་ནས་རྒྱན་བསྐུགས་པ། རྒྱན་སྐུག་དྲ་ཚིགས་ལ་འོག་རིམ་ལས་ཚབ་མི་སྣ་བསྡུས་པ་དང་དེ་བཞིན་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་སྐུག་ནང་ཞུགས་པའམ་ཡང་ན་དེའི་ཁྲོད་ནས་བར་ཁེ་དང་ངོ་སྤྲོད་གྲོན་དངུལ་བླངས་པ། རྒྱལ་མཚམས་སྒྲོལ་བའི་རྒྱན་སྐུག་ཁྲིམས་འགལ་ཉེས་གསོག་པར་ཉེས་གསོག་བྱེད་ཐབས་བརྒྱུད་ཁྲིད་བྱས་པ་དང་། རྒྱན་སྐུག་དྲ་ཚིགས་ཡིན་པ་ཤེས་བཞིན་དུ་དེར་དྲ་སྦྲེལ་ཞབས་ཞུ་དང་། ཞབས་ཞུའི་ཡོ་ཆས་ཚབ་གཉེར། དྲ་རྒྱའི་གསོག་འཇོག་བར་མཐོངས། འཕྲིན་གཏོང་བརྒྱུད་གཏོང་བགྲོད་ལམ། བརྡ་ཁྱབ་བཏང་བ། ཚོགས་མི་འཕེལ་རྒྱས་བཏང་བ། མཉེན་ཆས་གསར་སྤེལ། ལག་རྩལ་གྱི་རྒྱབ་སྐྱོར། མ་དངུལ་གཏོང་སྤྲོད་རྩིས་རྒྱག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་རིགས། རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་སྐུག་ཞབས་ཞུའི་འཕྲུལ་ཆས་བཙུགས་པ་དང་། ཕྱི་རྒྱལ་གྱི་རྒྱན་སྐུག་དྲ་ཚིགས་བཙུགས་པ། ཡང་ན་རྒྱན་འཇོག་དང་ལེན་བྱས་པའམ་མི་གཞན་ལ་གཡར་བ། ཡང་ན་རྒྱན་སྐུག་དྲ་ཚིགས་ཀྱི་ཁེ་སྤོགས་བགོ་བའི་ནང་ཞུགས་པ། རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་སྐུག་ཉེས་གསོག་ལས་བྱུང་བའི་ཡོང་འབབ་དང་དེ་བཞིན་དེ་ལས་བྱུང་བའི་ཁེ་འབབ་ཡིན་པ་ཤེས་བཞིན་དུ་སྦས་སྐུང་དང་གཞན་སྒྱུར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་འགེབས་སྲུང་དང་སྦ་གསང་བྱས་རིགས་བཅས་སོ།

  4.  འཆལ་སྤྱོད་རྒྱན་སྐུག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་གཞན་ཏེ། ཕྱུགས་རིགས་དང་ནོར་ལུག་ལ་བརྟེན་ནས་རྒྱན་སྐུག་ཉོ་ཚོང་བྱས་རིགས་བཅས་སོ།

    གཉིས། ཐེར་འདོན་བྱེད་སྟངས་དང་ཐབས་ལམ།
    1. ཐེར་འདོན་ཁ་པར།

    འཇུ་ལག་རྫོང་སྤྱི་བདེ་ཅུ།0970-8612039

    མདོ་ལ་རྫོང་སྤྱི་བདེ་ཅུ།0970-8684626

    མདའ་བཞི་རྫོང་སྤྱི་བདེ་ཅུ།0970-8631991

    རྐང་ཚ་རྫོང་སྤྱི་བདེ་ཅུ།0970-8655235

    ནུབ་མཚོ་སྤྱི་བདེ་ཡན་ལག་ཅུ།0970-8646267
    2. ཡུལ་དངོས་ཐེར་འདོན་བྱེད་ཐབས། མཚོ་བྱང་ཁུལ་སྤྱི་བདེ་ཅུའི་བདེ་འཇགས་ཉིང་ལག་རུ་ཁག་ལ་ཐད་ཀར་ཐེར་འདོན་བྱེད་ཆོག་པའམ་ཡང་ན་ས་གནས་དེ་གའི་བདེ་འཇགས་རུ་ཆེན་དང་མངགས་གཏོང་ཁང་ལ་ཐད་ཀར་ཐེར་འདོན་བྱེད་ཆོག
    3. འཕྲིན་བསྐུར་ཐེར་འདོན་བྱེད་ཐབས། མཚོ་བྱང་ཁུལ་སྤྱི་བདེ་ཅུའི་བདེ་འཇགས་ཉིང་ལག་རུ་ཁག་དང་དེ་བཞིན་རྫོང་ཁག་གི་སྤྱི་བདེ་ཅུའི་བདེ་འཇགས་རུ་ཆེན་ལ་འཕྲིན་ཡིག་བསྐུར་ཏེ་ཐེར་འདོན་བྱེད་ཆོག

    འཕྲིན་ཡིག་རྩིས་ལེན་མཁན།

    མཚོ་བྱང་ཁུལ་སྤྱི་བདེ་ཅུའི།

    ཉེན་རྟོག་དཔོན་མཱ།14797600302

    ཉེན་རྟོག་དཔོན་ཧན།18897001100

    འཇུ་ལག་རྫོང་སྤྱི་བདེ་ཅུའི།

    ཉེན་རྟོག་དཔོན་ཀྲང་། 17309708765

    མདོ་ལ་རྫོང་སྤྱི་བདེ་ཅུའི།

    ཉེན་རྟོག་དཔོན་མཱ། 15109706688

    མདའ་བཞི་རྫོང་སྤྱི་བདེ་ཅུའི།

    ཉེན་རྟོག་དཔོན་ཐེན། 13897000108

    རྐང་ཚ་རྫོང་སྤྱི་བདེ་ཅུའི།

    ཉེན་རྟོག་དཔོན་དབྱང་། 15297009988

    ནུབ་མཚོ་སྤྱི་བདེ་ཡན་ལག་ཅུའི།

    ཉེན་རྟོག་དཔོན་ཁྲེན། 18897001008
    གསུམ། ཐེར་འདོན་བྱེད་པའི་བླང་བྱ།

    1.ཐེར་འདོན་ཁུངས་སྣེ་ལ་བརྟེན་ནས “འཆལ་སྤྱོད་རྒྱན་སྐུག”དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཚབས་ཆེན་རྩད་ཆོད་པའམ་ཡང་ན་རྩད་གཅོད་ལ་གཞོགས་འདེགས་བྱས་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྒོར500ནས་སྒོར5000བར་གྱི་བྱ་དགའ་སྤྲད་རྒྱུ་རེད།

    2. ཐེར་འདོན་དཔྱད་གཞི་ཞིབ་ཅིང་ཕྲ་བ་ཡོད་དགོས་ཏེ། དོན་རྐྱེན་དང་། དུས་ཚོད། བརྒྱུད་རིམ། ཁྲིམས་འགལ་ཉེས་གསོག་སྤྱོད་ངན་སྤེལ་བའི་འབྲེལ་ཡོད་གནས་ཚུལ་བཅས་ཚུད་ཅིང་དེ་དག་ཕུད་པའི་གནས་ཚུལ་གཞན་དག་ཀྱང་ཚུད།

    3. ཐེར་འདོན་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་བདེན་པ་ཡིན་མིན་ལ་འགན་འཁུར་དགོས་པ་ལས། བསམ་བཞིན་དུ་དོན་དངོས་རྫུན་བཟོ་དང་སྒྲོ་འདོགས་བྱས་ཏེ་མི་གཞན་ལ་ཉེས་མེད་ཉེས་འགེལ་བྱས་མི་ཆོག ངན་སེམས་བཅངས་ཏེ་ཐེར་འདོན་བྱས་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    4. ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་བྱས་པའི་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་དག་སྤྱི་བདེ་ལས་ཁུངས་ཀྱིས་གསང་བ་ནན་མོ་བྱས་ནས་ཁྲིམས་ལྟར་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་རེད། ཐེར་འདོན་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱས་རིགས་རྩད་ཆོད་མཐའ་གསལ་བྱུང་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།


                                                                                                                       མཚོ་བྱང་ཁུལ་སྤྱི་བདེ་ཅུ།
                                                                                                             2023ལོའི་ཟླ9པའི་ཚེས11ཉིན།


མཉམ་སྤྱོད།