མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི“གླུ་སྐད་སིང་སིང”ཞེས་པའི་ལེ་ཚན་གྱི་གླུ་གཞས་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།

2023-09-11 09:41:04   |   2840

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བོད་མདོ་དབུས་ཁམས་གསུམ་ཏེ། ལྗོངས་ཞིང་ལྔའི་བོད་འབྲེལ་ས་ཁུལ་གྱིས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། དམངས་ཕན་ཕྱུག་འགྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་གྱིས་མཐོར་བཏེགས་ཡོད།  ད་ལྟ་ཁྱད་དུ་འཕགས་པའི་གྲུབ་འབྲས་ལ་མངོན་པར་བསྟོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛད་འཕྲིན་རླབས་པོ་ཆེར་བསྟོད་བསྔགས་ཞུ་ཆེད། རང་རེའི་ཀྲུང་གོ་བོད་ཀྱི་དྲ་བས“གླུ་སྐད་སིང་སིང”ཞེས་པའི་ལེ་ཚན་ཞིག་བསྒྲུབས་ཏེ། བོད་ཁམས་ཡོངས་ཀྱི་སློབ་རའི་གླུ་བ་གླུ་མ་ཆུང་ཆུང་ཚོས་བླངས་པའི་གླུ་གླུ་དབྱངས་དང་རྡུང་ལེན་རྩེད་རིག་གང་རུང་ཟླ་རེར་ཐེངས་གཉིས་ལ་ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན་སྟེགས་བརྒྱུད་ནས་མུ་འབྲེལ་དུ་སྤེལ་རྒྱུ་ཡིན་པས། རྒྱ་ཆེ་བའི་དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་གོ་སྐབས་ལེགས་པོ་དམ་འཛིན་བྱས་ནས། རང་ཉིད་ཀྱི་སློབ་མའམ་བྱིས་པའི་གླུ་གཞས་སྒྱུ་རྩལ་གྱི་འཇོན་ནུས་སྔོག་འདོན་བྱེད་པ་དང་། གླུ་གཞས་སྒྱུ་རྩལ་གྱི་ཕུགས་འདུན་ཡག་པོ་མངོན་དུ་འགྱུར་བར་ཕྱར་བ་གྲུ་འདེགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ཐུགས་འཇགས་འཚལ་ཞེས་ཞུས་པ་ཡིན་ལ། ཞོར་དུ་གར་སྟེགས་ཀྱི་གོ་སྐབས་མེད་པར་ཞིང་ཚིགས་ཀྱི་རྣང་མའི་བར་དང་ནོར་ལུག་གི་རྨིག་པའི་རྗེས་སུ། ལང་ཚོའི་མེ་ཏོག་ཟད་བཞིན་པའི་དམངས་ཁྲོད་ཀྱི་ན་གཞོན་གཞས་པ་རྣམས་ལ་ཡང་། སྐད་ངག་གི་འགྱུར་ཁུགས་ངོམ་སའི་སྒྱུ་རྩལ་སྟེགས་བུའི་སྒོ་མོ་ཆེས་ཆེར་ཕྱེས་ཡོད་པས་ན། སུ་ལ་དྲུག་འགྱུར་ངག་གི་གླུ་གཞས་ཡོད་ན་སྒྱུ་རྩལ་སྟེགས་བུའི་བདག་པོ་དེ་ཉིད་ཡིན་པ་ཤེས་པར་གྱིས་ཤིག་ཅེས་ཀྱང་ཞུའོ། །

ཆ་རྐྱེན།

1.གླུ་གཞས་གསར་རྩོམ་དང་བསྐྱར་ལེན་གང་རུང་ཡིན་ཆོག་ཅིང་། ནང་དོན་ངེས་པར་དུ་རྩ་ཁྲིམས་ལ་མི་འགལ་བར་བསམ་བློ་ཡར་སྐུལ་དང་སྒྱུ་རྩལ་རང་བཞིན་ལྡན་དགོས།

2.བོད་སྐད་ལམ་ནས་བཏང་བའི་གླུ་གཞས་ཡིན་དགོས།

3.གླུ་གཞས་བརྩམས་ཆོས་གཞས་པའི་ཕྱོགས་ནས་བརྙན་ཕབ་སྒྲིག་སྦྱོར་བྱེད་དགོས།

4.གླུ་གཞས་ཀྱི་བརྩམས་ཆོས་བདག་དབང་གཞས་པའི་ཕྱོགས་ནས་འགན་ཁུར་དགོས།

5.གླུ་གཞས་བསྐུར་དུས་གཞས་པའི་མིང་དང་། ཕ་ཡུལ་གྱི་མིང་སྟེ་ཁུལ་དང་རྫོང་གི་མིང་། སློབ་གྲྭའི་མིང་། མཛུབ་སྟོན་དགེ་རྒན་གྱི་མིང་། འབྲེལ་གཏུག་ཁ་པར་བཅས་གསལ་པོར་འབྲི་དགོས།

འབྲེལ་གཏུག་བྱ་ཡུལ།  ཚེ་མཁར་རྒྱལ། ( སྐད་འཕྲིན། 714705242 ཡིག་ཟམ། 714705242@qq.com )

ཀྲུང་གོ་བོད་ཀྱི་དྲ་བའི“གླུ་སྐད་སིང་སིང”རྩོམ་སྒྲིག་ཁང་ནས།

2023.9.10



མཉམ་སྤྱོད།