དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

དངོས་བཤུས་བརྙན་འཕྲིན༼ མཚོ་སྔོན་པོའི་ཚེ་སྲོག་གི་གདངས་དབྱངས ༽ཞེས་པ་དེ་སྤྱི་ཟླ9པའི་ཚེས8ཀྱི་ཆུ་ཚོད20:00སྟེང་ཀྲུང་དབྱང་བརྙན་འཕྲིན་ཁང་གིCCTV-9འཕྲིན་ལམ་ནས་གཏང་རྒྱུ་རེད།

2023-09-08 11:20:33   |   4919

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཨ་མདོ་བརྙན་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


དངོས་བཤུས་བརྙན་འཕྲིན༼མཚོ་སྔོན་པོའི་ཚེ་སྲོག་གི་གདངས་དབྱངས༽ཞེས་པ་དེ་དོ་དགོང་སྟེ། སྤྱི་ཟླ9པའི་ཚེས8ཀྱི་ཆུ་ཚོད20:00སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་བརྙན་འཕྲིན་འཕྲིན་ལམCCTV-9ནས་གཏང་རྒྱུ་རེད། 

1.jpg

དངོས་བཤུས་བརྙན་འཕྲིན༼མཚོ་སྔོན་པོའི་ཚེ་སྲོག་གི་གདངས་དབྱངས༽ནི་མཚོ་སྔོན་རང་ས་ཡི་དངོས་བཤུས་བརྙན་འཕྲིན་གྱི་འཁྲབ་ཁྲིད་པ་དང་བརྙན་ལེན་པའི་དཔུང་སྡེ་ཡིས་སྒེར་ཚུགས་ཀྱིས་བརྙན་ཕབ་ལེགས་འགྲུབ་བྱས་པ་ཞིག་ཡིན་པ་དང་། མཚོ་སྔོན་པོ་ལ་འཚོ་གནས་ཀྱི་གཞི་བཅོལ་བའི་འདབ་ཆགས་དང་དེ་དག་ལ་འབྲེལ་བ་ཡོད་པའི་སྲོག་ཆགས་གཞན་དག་གི་འཚོ་གནས་བརྗོད་གཞི་བྱས་པའི་རང་བྱུང་སྐྱེ་ཁམས་ཀྱི་དངོས་བཤུས་བརྙན་འཕྲིན་ཞིག་ཡིན།

2.jpg

 དངོས་བཤུས་བརྙན་འཕྲིན་འདི་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་བོད་མཐོ་སྒང་ནས་ལག་བསྟར་གཏིང་ཟབ་བྱེད་བཞིན་པའི་གནས་ཚུལ་ཇི་བཞིན་དུ་མཚོན་ཡོད་པར་མ་ཟད། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མཛེས་པ་དང་། མི་དང་རང་བྱུང་ཁམས་ཀྱི་མཛེས་པ། སྲོག་ཆགས་དང་རང་བྱུང་ཁམས་ཀྱི་མཛེས་པ་དེ་བརྙན་རིས་ཀྱི་ངོས་སུ་དྲངས་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གི་སྲོག་ཆགས་རྩི་ཤིང་རྟེན་མཛོད་དུ་ལོ་རྒྱུས་ཀྱི་དོན་སྙིང་དང་ཚན་རིག་གི་རིན་ཐང་ལྡན་པའི་བརྙན་གཟིགས་ཡིག་ཚགས་རྩ་ཆེན་ཉར་ཚགས་བྱས་ཡོད་པ་རེད། 

དངོས་བཤུས་བརྙན་འཕྲིན་འདི་ཀྲུང་དབྱང་བརྙན་འཕྲིན་ནས་ཐོག་མར་བཏང་བའི་རྗེས་ལ། སྔ་ཕྱིར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བརྙན་འཕྲིན་ལས་ཁུངས་དང་སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་ནས་བསྟུད་མར་གཏང་རྒྱུ་ཡིན་པས་ཀུན་གྱིས་དོ་སྣང་ཡོད་པར་ཞུ།


མཉམ་སྤྱོད།