དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་སྔོན་གྱིས་ས་ཆ་འདི་དག་ལ་རང་དགར་ངང་གནས་སྐོར་བྱས་མི་ཆོག་པ་ཁྱབ་བསྒྲགས་བྱས།

2023-08-23 09:51:05   |   1078

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


000.jpg

མཚོ་སྔོན་རིག་གནས་འགྲིམ་འགྲུལ”སྐད་འཕྲིན་སྤྱི་སྟེགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་སྤྱི་བསྒྲགས་གལ་ཆེན་ཞིག་ཁྱབ་བསྒྲགས་བྱས་དོན། གནས་སྐོར་བས་རང་དགར་མི་མེད་ཁུལ་དང་། སྒོ་དབྱེ་མེད་པའི་ས་ཁུལ། གསར་སྤེལ་བྱས་མེད་པའི་མཛེས་ལྗོངས་ཁུལ་བཅས་སུ་མྱུལ་དཔྱད་དང་གནས་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱས་ཡོད། ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར།

མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་ས་མཐོའི་དབུས་དང་མཐོ་གྲང་ས་ཁུལ་དུ་གནས་ཤིང་། རི་བོ་མཐོན་པོ་དང་རྩྭ་ཐང་། གྲམ་ཐང་། བྱེ་ཐང་བཅས་ཡོངས་སུ་ཁྱབ་ཡོད། ས་ཁོངས་དེ་དག་ཏུ་འཕྲིན་གཏོང་བརྡ་རྟགས་ཞན་པ་དང་། བརྡ་རྟགས་མེད་པ། དུད་ཁྱིམ་ཉུང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། གནམ་གཤིས་འགྱུར་ལྡོག་ཆེ་ཞིང་། ཕྱི་རོལ་གྱི“ཉེན་ཁའི་ས་ཁུལ”དང“མི་མེད་ས་ཁུལ”ཅུང་མང་བ། ས་དབྱིབས་ཁོར་ཡུག་རྙོག་འཛིང་ཆེ་བ་བཅས་ཡིན་པས། རྐང་ཐང་ངམ་ཡང་ན་རླངས་འཁོར་བསྐོར་ནས་མི་མེད་ཁུལ་དང་སྒོ་དབྱེ་མེད་པའི་ས་ཁུལ། གསར་སྤེལ་བྱས་མེད་པའི་མཛེས་ལྗོངས་ཁུལ་སོགས་ཕྱི་རོལ་གྱི་ས་ཁོངས་སུ་བསྐྱོད་ཚེ། སྔོན་དཔག་དཀའ་བའི་ཉེན་ཁ་འཕྲད་སྲིད་པས། དུས་དང་རྣམ་པ་ཀུན་ཏུ་ཆུ་དཀོན་པ་དང་གསོ་རླུང་མི་འདང་བ། ལམ་ནོར་བ། རླངས་འཁོར་འདམ་དུ་ཚུད་པ། འབྲེལ་བ་ཆད་པ་སོགས་ཚེ་སྲོག་གི་ཉེན་ཁར་འཕྲད་ན། རོགས་སྐྱོབ་བྱེད་ཧ་ཅང་ཁག་པོ་ཡོད། གནས་སྐོར་བའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར། 

གཅིག གནས་སྐོར་བས་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། རྒྱལ་ལམ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལམ། གནས་སྐོར་གཞུང་ལམ་བཅས་དང་རང་དགར་མི་བྲལ་བ་དང་། སྒོ་དབྱེ་མེད་པའི་ཁུལ་དང་། གསར་སྤེལ་བྱས་མེད་པའི་མཛེས་ལྗོངས་ཁུལ་སོགས་ཉེན་ཁ་ཆེ་བའི་ས་ཁོངས་སུ་མྱུལ་དཔྱད་དང་ཡུལ་སྐོར་དུ་སྐྱོད་རིགས་ཀྱི་བྱེད་སྒོ་སྤེལ་མི་ཆོག 

གཉིསའབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་མེད་པའམ་ཡང་ན་སྙན་སེང་ཐོ་འགོད་མ་བརྒྱུད་པར། གནས་སྐོར་བ་ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་ཐིག་དམར། ཆུ་ཁུངས་ཁུལ་བཅས་སུ་མྱུལ་ཞིབ་དང་། གནས་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱས་ཡོད། 

གསུམ། གནས་སྐོར་བ་ཕྱིར་སྐྱོད་སྐབས། ལམ་ཐིག་ལ་ཞིབ་འཇུག་བརྡར་གཅོད་དང་གནམ་གཤིས་སྔོན་བརྡ། ས་གཤིས་ཀྱི་གནོད་འཚེ། འགྲིམ་འགྲུལ་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ། དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རླངས་འཁོར་སྲུང་སྐྱོབ་ཡག་པོར་བྱས་ནས་གནས་སྐོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། 

བཞི། གནས་སྐོར་སྤྱི་གཉེར་དང་གནས་སྐོར་ལས་དོན་ཁང་། དམངས་ཁྲོད་ཀྱི་རྩ་འཛུགས། རོལ་རྩེད་ཁང་སོགས་སྤྱི་ཚོགས་ཀྱི་ཚོགས་པས་ཐོ་འགོད་སྙན་སེང་གི་ཆོག་མཆན་མ་བརྒྱུད་པར། མྱུལ་དཔྱད་དང་། དེ་ལས་སྒྲོལ་བ། ཚན་རིག་རྟོག་ཞིབ་བཅས་ལ་ཁ་གཡར་ནས། གནས་སྐོར་ཚོགས་པ་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཛུལ་རིགས་བྱས་མི་ཆོག

ལྔ། མི་སྣ་དང་ཚོགས་པ་སྣ་ཚོགས་ཀྱིས་རང་དགར་མྱུལ་དཔྱད་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་། མི་མེད་ཁུལ་བརྒྱུད་པ་སོགས་ཀྱི་རྐྱེན་གྱིས། ཉེན་ཁའི་གནས་སུ་གྱར་བའི་རོགས་སྐྱོབ་གྲོན་དངུལ་ཚང་མ་འབྲེལ་ཡོད་མི་སྣ་དང་ཚོགས་པས་སྤྲོད་དགོས།


མཉམ་སྤྱོད།