མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

2023ལོའི་སྐབས་བཅུ་གཉིས་པའི་མཚོ་སྔོན་པོ་སྐོར་བའི་སློབ་ཆེན་སློབ་མའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་བརྡ་ཁྱབ།

2023-08-16 11:40:18   |   2613

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


333333333.jpg

ཟླ8ཚེས16ཉིན་ནས་ཚེས18ཉིན་བར་མདའ་བཞི་རྫོང་དུ2023ལོའི་སྐབས་བཅུ་གཉིས་པའི་མཚོ་སྔོན་པོ་སྐོར་བའི་སློབ་ཆེན་སློབ་མའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་བྱ་འགུལ་སྤེལ་བའི་རིང་གཞུང་ལམ་ཤར་གཏོང་དང་བདེ་འཇགས། གོ་རིམ་ལྡན་པ་བཅས་འགན་ལེན་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་གཞིར་བཟུང་ནས་མདའ་བཞི་རྫོང་སྤྱི་བདེ་ཅུའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཀྱི་ལམ་དུམ་ཁག་ཅིག་ལ་འགྲིམ་འགྲུལ་དོ་དམ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཞིབ་ཕྲའི་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག  དོ་དམ་ལམ་ཐིག

ཟླ8ཚེས16ཉིན། ནུབ་མཚོ་གྲོང་རྡལ་ནུབ་མཚོ་ལམ་ཆེན་གྲོས་ཚོགས་ལྟེ་གནས་དང་ནུབ་མཚོའི་སྲང་ཆེན། འཇུ་ལག་ལམ-G315ལམ་ཐིག ཙོང་ནུབ་གཞུང་ལམ་གྱི་ལམ་ཐིག40-50km-ནུབ་མཚོའི་སྲང་ལམ། ཝང་ལོ་པིན་ཐང་ཆེན་བཅས་རེད། 

ཟླ8ཚེས17ཉིན། དཔལ་སྦྱིན་སྡེ་དམངས་ཨུ་ལྷན་ཐང་ཆེན་ནས་བྱང་རིའི་གནས་སྐོར་གཞུང་ལམ་དང་ཙོང་ཆུའི་མགོ་ཁུངས་གཞུང་ལམ། མདའ་བཞི་སྡེ་བའི་རིག་གནས་ཐང་ཆེན་བཅས་རེད། 

ཟླ8པའི་ཚེས18ཉིན། མཚོ་བྱང་ཁུལ་མདའ་བཞི་ཚོ་བG213ལམ་ཐིག 986km-S304ལམ་ཐིག  467kmམཐོན་པོ་སྒང་སྒར་འདེབས་རྟེན་གཞི། 

གཉིས། འགྲིམ་འགྲུལ་དོ་དམ་གྱི་དུས་ཚོད། 

ཟླ8ཚེས16ཉིན་ནས་ཚེས18ཉིན་གྱི་ཞོགས་པའི་ཆུ་ཚོད8དང་སྐར་མ30སྟེང་བྱ་འགུལ་མཇུག་འགྲིལ་རྒྱུ་རེད། 

གསུམ། འགྲིམ་འགྲུལ་དོ་དམ་གྱི་བླང་བྱ། 

འགྲན་བསྡུར་བྱེད་རིང་། མདའ་བཞིའི་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་ཁག་ཅིག་ལ་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱ་རྒྱུ་ཡིན་པས། རྒྱ་ཆེའི་འགྲུལ་བཞུད་པ་རྣམས་ཀྱིས་འགྲིམ་འགྲུལ་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་ཕྱིར་སྐྱོད་ལམ་ཐིག་སྔ་མོ་ནས་འཆར་འགོད་ཡག་པོ་བྱེད་དགོས། 

                                མདའ་བཞི་རྫོང་སྤྱི་བདེ་ཅུའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། 

2023ལོའི་ཟླ8ཚེས14ཉིན། 


མཉམ་སྤྱོད།