མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་མང་ཚོགས་ཀྱིས་མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་འདོན་བྱེད་པའི་བྱ་དགའ་སྤྲོད་ཐབས།

2023-07-28 10:56:57   |   462

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


5555~1.jpg

དོན་ཚན་དང་པོ། མཚོ་བྱང་ཁུལ་གྱིས་མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་འཐབ་རྩོད་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བཏང་ནས། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་སྤྱི་བའི་བདེ་འཇགས་འགན་ལེན་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། གཏན་འབེབས་བཅས་གཞིར་བཟུང་སྟེ། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བདག་སྤྲོད་དང་། ཞིབ་བཤེར། སྐུལ་སྒྲུབ་བཅས་བྱས་ནས་རང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་ནས་ཐོན་པའི་མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེར་སྤྱོད་རྒྱུ།

དོན་ཚན་གསུམ་པ། ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས(གཤམ་དུ་ཐེར་འདོན་བྱེད་མཁན་ཞེས་འབོད་རྒྱུ)སུ་ཡིན་རུང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ལ་མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱེད་པའི་འོས་འགན་ཡོད།

དོན་ཚན་བཞི་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་ཁུངས་སྣེ་བདག་སྤྲོད་ནན་ཏན་བྱས་ཏེ། ཐེར་འདོན་བྱ་དགའི་འབྲེལ་ཡོད་དོན་ཚན་གསལ་བཤད་བྱེད་པ་དང་། ཐོ་འགོད་ལམ་ལུགས་ནན་དུ་གཏོང་བ། ཐེར་འདོན་བྱེད་མཁན་གྱི་འབྲེལ་གཏུག་བྱེད་སྟངས་ཟིན་ཐོར་འགད་པ། དུས་ཐོག་ཏུ་ཞིབ་བཤེར་བྱེད་པ་བཅས་བྱས་ནས་ཐེར་འདོན་བྱེད་མཁན་ལ་ཞིབ་བཤེར་བྱས་འབྲས་བརྡ་ལན་སྤྲོད་དགོས།

ཐེར་འདོན་བདག་སྤྲོད་བྱེད་མཁན་ལ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་དོན་གནད་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་པ་དང་། བདག་སྤྲོད་བྱས་ཉིན་ནས་བཟུང་ཟླ་གཅིག་ནང་ཚུན་དུ་ཐག་གཅོད་བྱེད་དགོས། གནས་ཚུལ་རྙོག་འཛིང་ཆེ་རིགས་ལ་རིམ་པ་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་འགན་ཁུར་དགོས་པའི་བའི་ཆོག་མཆན་ཐོབ་པ་བརྒྱུད། ཞིབ་བཤེར་ཐག་གཅོད་ཀྱི་དུས་ཚོད་འོས་འཚམ་གྱིས་རིང་དུ་བཏང་ཆོག་མོད། འོན་ཀྱང་དུས་འགྱངས་བྱེད་པའི་དུས་ཚད་ཟླ་གཅིག་ལས་བརྒལ་མི་ཆོག་པ་མ་ཟད། ཐེར་འདོན་བྱེད་མཁན་ལ་དུས་འགྱངས་བྱས་པའི་རྒྱུ་མཚན་བཤད་དགོས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་མི་ལུས་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་མཁན་ཡོད་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས།

དོན་ཚན་ལྔ་པ། ཐེར་འདོན་ཁུངས་སྣེ་བདེན་པ་བདེན་དོན་ཡིན་ན། གཤམ་གསལ་གྱི་ཚད་གཞི་ལྟར་བྱ་དགའ་སྤྲོད་དགོས།

(གཅིག)འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱེད་པའི་བྱ་དགའི་ཚད་གཞི།

1. ཁྲིམས་འགལ་ངང་འབར་གས་དངོས་རྫས་བཟོ་བ་དང་། ཉོ་ཚོང་། སྐྱེལ་འདྲེན། སྦྲག་ཐོག་ནས་སྐུར་བ། གསོག་ཉར་བཅས་བྱས་པ་ཐེར་འདོན་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་བྱེད་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར2000ནས50000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

2. ཁྲིམས་འགལ་ངང་ཤོག་སྦག་ཚོན་ཁྲ་ཅན་ཐོན་སྐྱེད་བྱས་པའི་ཐེར་འདོན་གོང་ཞུ་བྱས་པ་དེ་བདེན་པ་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར2000ནས10000བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཁྲིམས་འགལ་ངང་ཤོག་སྦག་ཚོན་ཁྲ་ཅན་གྱི་ཐོན་རྫས་སྒམ100(སྒམ་རེར་སྤྱི་རྒྱ30ཚད་ལྡན་སྒམ་དུ་བརྩི་རྒྱུ)མན་ཐེར་འདོན་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཚེ། ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར200ནས2000བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཁྲིམས་འགལ་ངང་ཤོག་སྦག་ཚོན་ཁྲ་ཅན་གྱི་ཐོན་རྫས་སྒམ100(སྒམ་རེར་སྤྱི་རྒྱ30ཚད་ལྡན་སྒམ་དུ་བརྩི་རྒྱུ)ཡན་གཉེར་སྐྱོང་དང་གསོག་ཉར་བྱས་པ་ཐེར་འདོན་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཚེ། ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར2000ནས5000བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཁྲིམས་འགལ་ངང་ཤོག་སྦག་ཚོན་ཁྲ་ཅན་སྐྱེལ་འདྲེན་བྱས་པའི་ཐེར་འདོན་གོང་ཞུ་བྱས་པ་དེ་ངོ་མ་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར1000ནས10000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

3. འབར་གཏོར་ལས་སྒྲུབ་བྱེད་མཁན་གྱི་ལས་ཁུངས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་འབར་གས་དངོས་རྫས་ཕྱིར་ཚོང་དང་། སྐྱེལ་འདྲེན། གསོག་ཉར། བེད་སྤྱོད་བཅས་བྱས་པ་ཐེར་འདོན་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར5000ནས10000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

4. འབར་རྫས་ཁེ1000འམ་མེ་རྫས་ནག་པོ་དང་མེ་རྫས་ཁེ3000དང་། མེ་རྟ། འབར་གས་སྦུ་གུ་བཅས་སྨི30དང་། མེ་འདྲེན་སྦུ་གུ10དང་ས་འོག་འབར་མདེལ། ལག་འབོམ1ཡན་བཅས་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་སྒོར500ནས་སྒོར5000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

5. ཁྲིམས་འགལ་ངང་དུག་ཤུགས་ཆེ་བའི་རྫས་འགྱུར་དངོས་རྫས་ཁེ50ཡན་དང་། འབར་གས་སླ་བའི་ཉེན་ཡོད་རྫས་འགྱུར་དངོས་རྫས་སྟོང་ཁེ10ཡན་ནམ་ཡང་ན་འཕྲོ་ནུས་ལྡན་པའི་དངོས་རྫས་སྒེར་ཉར་བྱས་རིགས་ཐེར་འདོན་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་བྱུང་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར2000ནས20000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

(གཉིས།)མེ་མདའ་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱེད་པའི་བྱ་དགའི་ཚད་གཞི།

1. ཁྲིམས་འགལ་ངང་མེ་མདའ་བཟོ་བ་དང་ཉོ་ཚོང་བྱས་པའི་ཐེར་འདོན་གོང་ཞུ་བྱས་པ་དེ་ངོ་མ་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར5000ནས20000བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། མང་ཚོགས་ཀྱིས་ཐེར་འདོན་བྱས་པར་གཞིགས་ནས། ཁྲིམས་འགལ་ངང་མེ་མདའ་ལྐོག་ཚོང་བྱེད་པའི་ནག་ཚང་མེད་པ་བཟོས་བའི་གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར10000ནས30000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

2. ཁྲིམས་འགལ་ངང་རྔོན་པའི་མེ་མདའ་དང་། མདའ་རའི་ལུས་རྩལ་མེ་མདའ། མེ་སྨན་མེ་མདའ། འདྲ་བཟོའི་མེ་མདའ། རང་བཟོའི་མེ་མདའ། བཅོས་བསྒྱུར་མེ་མདའ། ཁ་ཞེང་ཆུང་བའི་མེ་མདའ། དབུགས་མདའ། མདའ་གཞུ་གཅིག་ཡན་བཅས་ཡོད་པ་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཚེ། གནས་ཚུལ་དངོས་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་མི་དམངས་ཤོག་སྒོར500ནས5000བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

3. ཁྲིམས་འགལ་ངང་དམག་སྤྱོད་མེ་མདའ་ཉར་བ་དང་སྒེར་ཉར་ཐེར་འདོན་བྱས་པ་དེ་དོན་དངོས་དང་མཐུན་པ་ར་སྤྲོད་ཐུབ་ཚེ། མེ་མདའ་1ལ་བྱ་དགའ་སྒོར5000དང་། མེ་མདའ2ལ་བྱ་དགའ་སྒོར10000དང་མེ་མདའ3ཡན་ལ་བྱ་དགའ་སྒོར20000སྤྲོད་རྒྱུ་ཡིན།

ཚད་གཞི་འདིའི་ནང་གི“ཡན”ཚང་མར་མ་གྲངས་ཚུད་ཡོད་པ་དང་ཚད་གཞི་འདིའི་ནང་གི་འབར་གས་དངོས་རྫས་དང་། མེ་མདའ་དེ་སྤྱི་བདེ་ཉེས་དོན་ལག་རྩལ་སྡེ་ཁག་གིས་གསལ་འབྱེད་གཏན་ཁེལ་བྱེད་དགོས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་དོན་ཚན་འདིའི་གཏན་འབེབས་གཞིར་བཟུང་ནས་བྱ་དགའི་ཚད་གཞི་ཞིབ་ཕྲ་གཏན་ཁེལ་བྱེད་ཆོག

དོན་ཚན་དྲུག་པ། ཐེར་འདོན་གནས་ཚུལ་དེ་དོན་ཚན་ལྔ་པའི་ནང་འཁོད་ཚན་པ་གཉིས་པ་ཡན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་ཚེ། དེའི་ནང་གི་བྱ་དགའི་དངུལ་གྲངས་མང་བའི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པ་ལས་བྱ་དགའ་བསྐྱར་ཟློས་སྤྲོད་མི་ཆོག

མི་མང་པོས་དོན་ཚན་གཅིག་ཐེར་འདོན་ཐེངས་མང་བྱས་ཚེ། རྩ་དོན་ཐོག་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་ཐེར་འདོན་བདག་སྤྲོད་བྱེད་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་དུས་ཚོད་དང་། ཐེར་འདོན་ཆ་འཕྲིན། ཡང་དག་ཚད་གཞི་སོགས་ལ་གཞིགས་ནས་བྱ་དགའི་བསམ་འཆར་འདོན་ཆོག

མི་མང་པོས་མིང་མཉམ་འགོད་ཀྱིས་དོན་ཚན་གཅིག་ཐུན་མོང་ཐོག་ཐེར་འདོན་བྱས་རིགས་ལ་གྱོད་གཞི་གཅིག་ལྟར་བྱ་དགའ་སྤྲོད་རྒྱུ་དང་། ཐེར་འདོན་བྱེད་མཁན་རང་ཉིད་ཀྱིས་གྲོས་མོལ་བྱས་ནས་བྱ་དགའི་དངུལ་བགོ་དགོས་ལ། གྲོས་མཐུན་མ་བྱུང་ན། བྱ་དགའ་སྤྲོད་འགན་འཁུར་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས།

དོན་ཚན་བདུན་པ། ཐེར་འདོན་བྱེད་མཁན་གྱིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཐེར་འདོན་ཁ་པར་དང་ཡིག་སྒམ་སོགས་ཀྱི་བྱ་ཐབས་བརྒྱུད་ཐེར་འདོན་བྱེད་ཆོག ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་བྱས་པའི་དོན་དག་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུབ་ཡིན་དགོས་པ་མ་ཟད། ཐེར་འདོན་བྱས་པའི་ནང་དོན་བདེན་པ་ཡིན་པར་འགན་ཁུར་དགོས་པ་ལས། དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱས་མི་ཆོག་པ་དང་། མི་གཞན་ལ་སྙོན་འཛུགས་ཉེས་འགེལ་བྱས་མི་ཆོག ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་བྱས་པའི་མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་དེ་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་རྟོགས་མ་བྱུང་བའམ་ཡང་ན་ཤེས་རྟོགས་བྱུང་རུང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཁྲིམས་ལྟར་ཐག་གཅོད་མ་བྱས་པར། ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་རིགས་ལ་བྱ་ཐབས་འདིའི་དོན་ཚན་ལྔ་པའི་གཏན་འབེབས་གཞིར་བཟུང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས།

དོན་ཚན་བརྒྱད་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བདག་སྤྲོད་དང་། ཞིབ་བཤེར། སྐུལ་སྒྲུབ། ལན་འདེབས་སོགས་ཀྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཆེད་མི་གཏན་ཁེལ་དང་འགན་འཁྲི་དོན་འཁྱོལ་བྱེད་དགོས།

དོན་ཚན་དགུ་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་མཐའ་གསལ་བྱུང་བའི་ཐེར་འདོན་ཁུངས་སྣེར་བྱ་དགའ་སྤྲོད་རྒྱུའི་འགན་ཁུར་དགོས་པ་དང་། གོང་རིམ་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་བརྒྱུད་སྤྲོད་བྱས་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་བྱ་དགའ་སྤྲོད་རྒྱུའི་འགན་ཁུར་དགོས།

དོན་ཚན་བཅུ་པ། ཐེར་འདོན་བྱེད་མཁན་ལ་བྱ་དགའ་ལེན་རྒྱུའི་བརྡ་ཐོ་འབྱོར་རྗེས་ཀྱི་ཉིན30ནང་ཚུན་དུ་གོ་ཆོད་ཐོབ་ཐང་ལག་ཁྱེར་འཁྱེར་ནས་དམིགས་འཛུགས་ས་གནས་སུ་སོང་སྟེ་ལེན་དགོས། ཐེར་འདོན་བྱེད་མཁན་ལ་བརྡ་ཐོ་གཏོང་ཐབས་མེད་ཚེ། ཐེར་འདོན་བདག་སྤྲོད་བྱེད་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཁྱབ་ཁོངས་ངེས་ཅན་ནང་སྤྱི་བསྒྲགས་བྱེད་ཆོག དུས་ལས་ཡོལ་ཡང་བྱ་དགའ་བླངས་མེད་ན་བྱ་དགའ་ལེན་དབང་དོར་བར་བརྩི་རྒྱུ། རྒྱུ་མཚན་གསལ་བཤད་བྱེད་ཐུབ་ན། ལེན་པའི་དུས་ཚོད་འོས་འཚམ་གྱིས་རིང་དུ་བཏང་ཆོག

དོན་ཚན་བཅུ་གཅིག་པ། བྱ་དགའི་གྲོན་དངུལ་དེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་རྩིས་ནང་བཅུག་ནས་ཐག་གཅོད་བྱེད་དགོས་པ་དང་། བྱ་དགའི་དངུལ་སྤྲོད་པར་ཞིབ་མཆན་འགོད་པའི་གོ་རིམ་ནན་དུ་བཏང་ནས་སྒྲུབ་གཉེར་ཚད་ལྡན་ཡོང་བ་བྱེད་དགོས།

དོན་ཚན་བཅུ་གཉིས་པ། བྱེད་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

ཐེར་འདོན་བྱེད་སྟངས།

མཚོ་བྱང་ཁུལ་སྤྱི་བདེ་ཅུ།

ཐེར་འདོན་གོང་ཞུའི་ཁ་པར། 0970-8643815འམ110 སྦྲག་སྒམ།hbgaqblx 163.com

འཇུ་ལག་རྫོང་སྤྱི་བདེ་ཅུ།

ཐེར་འདོན་གོང་ཞུའི་ཁ་པར། 0970-8612039   སྦྲག་སྒམ། 215621503 qq.com

མདོ་ལ་རྫོང་སྤྱི་བདེ་ཅུ།

ཐེར་འདོན་གོང་ཞུའི་ཁ་པར། 0970-8684626 སྦྲག་སྒམ།3296007730 qq.com

མདའ་བཞི་རྫོང་སྤྱི་བདེ་ཅུ།

ཐེར་འདོན་ཁ་པར། 0970-8631991  སྦྲག་སྒམ། 46643357 qq.com

རྐང་ཚ་རྫོང་སྤྱི་བདེ་ཅུ།

ཐེར་འདོན་གོང་ཞུའི་ཁ་པར། 0970-8652523  སྦྲག་སྒམ513750228 qq.com

ནུབ་མཚོ་སྤྱི་བདེ་ཡན་ལག་ཅུ།

ཐེར་འདོན་ཁ་པར། 0970-8646267  སྦྲག་སྒམ།xhgafj 163.com

མཚོ་བྱང་ཁུལ་སྤྱི་བདེ་ཅུས།

2023ལོའི་ཟླ7ཚེས26ཉིན།





མཉམ་སྤྱོད།