མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རིང་བགྲོད་ལམ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་བྱེད་པའི་བརྡ་ཁྱབ།

2023-07-28 09:43:01   |   450

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


5555~1.jpg

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ2023ལོའི་ཟླ8ཚེས2ཉིན་ནས་ཟླ8ཚེས4ཉིན་བར་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པས། ཕྱོགས་ཡོངས་ནས་ཐེངས་འདིའི་བྱེད་སྒོའི་བདེ་འཇགས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། བྱེད་སྒོའི་བདེ་འཇགས་དང་གོ་རིམ་ལྡན་པ། བདེ་བླག་ངང་སྤེལ་རྒྱུ་བཅས་ལ་འགན་ལེན་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན39པའི་གཏན་འབེབས་གཞིར་བཟུང་ནས། བྱེད་སྒོ་སྤེལ་རིང་ལ་སྲང་ལམ་ཁ་ཤས་ཤིག་གནས་སྐབས་སུ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་བྱ་རྒྱུ་ཡིན་པས། བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག  འགྲིམ་འགྲུལ་བཀག་སྡོམ་དོ་དམ་གྱི་དུས་ཚོད།

ཟླ8ཚེས2ཉིན་གྱི་དུས་ཚོད18:00ནས་མགྲོན་བསུ་དགོང་ཚོགས་དང་། མི་མེད་གནམ་གྲུའི་འཁྲབ་སྟོན། མེ་ཕུང་དགོང་ཚོགས་བཅས་ཀྱི་བྱེད་སྒོ་མཇུག་སྒྲིལ་བའི་བར་ཡིན།

ཟླ8ཚེས3ཉིན་གྱི་དུས་ཚོད6:00ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོའི་བྱེད་སྒོ་མཇུག་སྒྲིལ་བའི་བར་ཡིན།

ཉིན་དེའི་དུས་ཚོད18:00ནས་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་མཇུག་སྒྲིལ་བའི་བར་ཡིན།

གཉིས།  འགྲིམ་འགྲུལ་བཀག་སྡོམ་དོ་དམ་བྱེད་པའི་ལམ།

(གཅིག)ཟླ8ཚེས2ཉིན་གྱི“མགྲོན་བསུ་དགོང་ཚོགས་དང་། མི་མེད་གནམ་གྲུའི་འཁྲབ་སྟོན། མེ་ཕུང་དགོང་ཚོགས”བཅས་ཀྱི་བྱེད་སྒོ་སྤེལ་རིང་། གཤམ་གྱི་ལམ་འདི་དག་ལ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་ལག་བསྟར་བྱེད་རྒྱུ་ཡིན། དམག་དཔོན་ལམ་དང་མདོ་ལ་ལམ་གྱི་བཞི་མདོའི་ལྷོ་ལམ་ནས་དམག་དཔོན་ལམ་དང་དྲུག་གཅིག་སྲང་གི་ལམ་མདོ་བར་དང་། ནུབ་མཚོ་ལམ་དང་དམག་དཔོན་ལམ་གྱི་བཞི་མདོའི་ནུབ་ལམ་ནས་ནུབ་མཚོ་སྲང་ལམ་དང་གཞོན་ནུའི་སྲང་གི་བཞི་མདོ་བར་དང་། དངུལ་ཐང་སྲང་ལམ་དང་རྡུལ་ཕྲན་སྲང་ལམ་གྱི་བཞི་མདོ་བར་ཡིན།

(གཉིས།)ཟླ8ཚེས3ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོའི་བྱེད་སྒོ་སྤེལ་རིང་། གཤམ་གྱི་ལམ་འདི་དག་ལ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་ལག་བསྟར་བྱེད་རྒྱུ་ཡིན། ལུས་རྩལ་ར་བའི་ཕྱོགས་བཞི་དང་འགྲན་རར་འགྲོ་བའི་ལམ། ཞི་བདེའི་སྲང་ལམ་གྱི་ཟོག་ལམ་གྱི་ལམ་མདོ་ནས་ཞི་བདེའི་སྲང་ལམ་དང་ལྔ་གཅིག་བྱང་ལམ་གྱི་ལམ་མདོ་བར་ཡིན།

(གསུམ།)ཟླ8ཚེས3ཉིན་གྱི་དགོང་མོར“ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན”བྱེད་སྒོ་སྤེལ་རིང་། གཤམ་གྱི་ལམ་འདི་དག་ལ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་ལག་བསྟར་བྱེད་རྒྱུ་ཡིན། ནུབ་མཚོ་ལམ་དང་དམག་དཔོན་ལམ་གྱི་ཤར་ཕྱོགས་ནས་ནུབ་མཚོ་ལམ་དང་གཞོན་ནུའི་སྲང་གི་ནུབ་ཕྱོགས་བར་དང་། དངུལ་ཐང་ལམ་དང་རྡུལ་ཕྲན་ལམ་གྱི་བྱང་ཕྱོགས་ནས་དངུལ་ཐང་ལམ་དང་ནུབ་མཚོ་ལམ་གྱི་ལྷོ་ཕྱོགས་བར་ཡིན།

གསུམ།  འགྲིམ་འགྲུལ་བཀག་སྡོམ་དོ་དམ་གྱི་བླང་བྱ།

(གཅིག)བཀག་སྡོམ་དོ་དམ་བྱས་པའི་ལམ་རྒྱུད་དུ་འཕྲུལ་སྒུལ་འཁོར་ལོ་དང་འཕྲུལ་སྒུལ་མིན་པའི་འཁོར་ལོ་ཚང་མ་འགྲོ་མི་ཆོག་པ་དང་། འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་སྔོན་ཚུད་ནས་བཀག་སྡོམ་དོ་དམ་བྱས་ཡོད་པའི་ལམ་ཐིག་བསྐོར་ནས་འགྲོ་བར་བཀོད་སྒྲིག་བྱེད་དགོས།

(གཉིས།)བཀག་སྡོམ་དོ་དམ་བྱེད་པའི་དུས་ཚོད་ནང་། བཀག་སྡོམ་དོ་དམ་བྱེད་ཁོངས་སུ་ཚུད་པའི་ལམ་རྒྱུད་ཀྱི་མ་ལམ་གཙོ་བོ་དང་འཕྲུལ་སྒུལ་མིན་པའི་འཁོར་ལམ་དུ་རླངས་འཁོར་ཅི་ཡིན་རུང་འཇོག་མི་ཆོག

(གསུམ།)བཀག་སྡོམ་དོ་དམ་དོ་དམ་བྱས་པའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་བཀག་སྡོམ་དོ་དམ་མེད་པར་བཟོ་བའི་དུས་ཚོད་དེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བྱེད་སྒོའི་འཕེལ་རིམ་ལ་གཞིགས་ནས། གོ་རིམ་ལྡན་པའི་ངང་ལམ་ལྟར་འགྲོ་རུ་འཇུག་རྒྱུ་ཡིན།

རྒྱ་ཆེའི་མང་ཚོགས་ཀྱིས་འགྲོ་སྐྱོད་ལམ་ཐིག་སྔོན་མ་ནས་འཆར་འགོད་ལུགས་མཐུན་བྱེད་པ་དང་། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་པ་མ་ཟད། གཞུང་ལམ་འགྲིམ་འགྲུལ་དོ་དམ་གྱི་བྱ་བར་གཞོགས་འདེགས་ཧུར་ཐག་བཅས་བྱེད་དགོས། བཀག་སྡོམ་དོ་དམ་བྱེད་རིང་དུ། ཁྱེད་ལ་སྟབས་མི་བདེ་བ་བཟོས་པས་དགོངས་འགལ་མེད་པ་ཞུ།

 ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན།

                             མཚོ་བྱང་ཁུལ་སྤྱི་བདེ་ཅུའི་

                             འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

                           2023ལོའི་ཟླ7ཚེས26ཉིན།


མཉམ་སྤྱོད།