དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་རིང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་ཕྱིར་སྐྱོད་ཀྱི་དྲན་སྐུལ།

2023-07-28 09:25:45   |   700

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


5555~1.jpg

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་དེ2023ལོའི་ཟླ8ཚེས2ཉིན་ནས་ཟླ8ཚེས4ཉིན་བར་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ནས་བྱེད་སྒོའི་བདེ་འཇགས་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ། བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན39པའི་གཏན་འབེབས་གཞིར་བཟུང་། བྱེད་སྒོ་སྤེལ་བའི་རིང་ལམ་དུམ་ཁག་གཅིག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་དྲན་སྐུལ་གཤམ་གསལ་ལྟར། 

གཅིག  བྱེད་སྒོའི་མིང་དང་ས་གནས། དུས་ཚོད། 

        ཨང་རིམ། བྱེད་སྒོའི་མིང་། བྱེད་སྒོའི་ས་གནས། བྱེད་སྒོའི་དུས་ཚོད། 

མགྲོན་བསུའི་དགོང་ཚོགས། ནུབ་མཚོ་གློག་བརྙན་ཟློས་གར་ཁང་། ཟླ8 ཚེས2ཉིན་གྱི་དགོང་མོ།

(19:30—21:00)

མི་མེད་གནམ་གྲུའི་འཁྲབ་སྟོན་དང་མེ་ཕུང་དགོང་ཚོགས། ཨའོ་ཁའེ་ཐང་ཆེན།ཟླ8 ཚེས2ཉིན་གྱི་དགོང་མོ།

(20:00-21:20)

ལོ70འཁོར་བའི་བརྗོད་དོན་གྱི་ཚོན་ཁྲ་ཅན་གྱི་རླངས་འཁོར་སྐོར་འཆམ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན། ནུབ་མཚོ་ལུས་རྩལ་ར་བ། ཟླ8 ཚེས3ཉིན་གྱི་སྔ་དྲོ།

(10:00—12:00)

མཚོ་བྱང་ཁུལ་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་པའི”སྐོར་བྲོའི་འཁྲབ་སྟོན་སྐབས་བདུན་པ། ནུབ་མཚོ་ལུས་རྩལ་ར་བ། ཟླ8 ཚེས3ཉིན་གྱི་སྔ་དྲོ།

(10:00—12:00)

གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན། ནུབ་མཚོ་ལུས་རྩལ་ར་བ། ཟླ8 ཚེས3ཉིན་གྱི་སྔ་དྲོ།

(10:00—12:00)

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་རུ་སྟར་གྲུ་བཞི། ནུབ་མཚོ་ལུས་རྩལ་ར་བ། ཟླ8 ཚེས3ཉིན་གྱི་སྔ་དྲོ། 

ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན། ནུབ་མཚོ་གློག་བརྙན་ཟློས་གར་ཁང་། ཟླ8 ཚེས3ཉིན་གྱི་དགོང་མོ།(19:30—21:00)

92023ལོའི་མཚོ་སྔོན·མཚོ་བྱང་གི་མཚོ་སྔོན་པོའི་རྟ་རྒྱུག་སྤེལ་རེས་ཚོགས་ཆེན་སྐབས་གཉིས་པ། ནུབ་མཚོ་ལུས་རྩལ་ར་བ། ཟླ8 ཚེས3ཉིན་གྱི་ཕྱི་དྲོ།  (15:00—18:00)

གཉིས།  རླངས་འཁོར་འཇོག་ས། 

(གཅིག) ཟླ8ཚེས2ཉིན་གྱི་དགོང་མོར“མགྲོན་བསུའི་དགོང་ཚོགས་དང་མི་མེད་གནམ་གྲུའི་འཁྲབ་སྟོན། མེ་ཕུང་དགོང་ཚོགས”བཅས་ཀྱི་བྱེད་སྒོའི་སྐབས་ཕྱོགས་གཉིས་ཀྱི་རླངས་འཁོར་འཇོག་ས་ནི། མདོ་ལའི་ལམ་ཧྲིལ་པོ་དང་། ནུབ་མཚོ་སྲང་ལམ། རྐང་ཚའི་ལམ་གྱི་ཤར་འགྲམ་ནས་ནུབ་མཚོ་སྲང་ལམ་དང་དམག་དཔོན་ལམ་གྱི་ནུབ་འགྲམ། ནུབ་མཚོ་སྲང་ལམ་དང་གཞོན་ནུའི་སྲང་ལམ་ཤར་འགྲམ་ནས་ནུབ་མཚོ་སྲང་ལམ་དང་། འཇུ་ལག་ལམ་དང་མདོ་ལའི་ལམ་གྱི་ལྷོ་འགྲམ་ནས་འཇུ་ལག་ལམ་དང་མ་རྡུལ་ལམ་གྱི་བྱང་འགྲམ་བཅས་ཡིན། 

(གཉིས།)  ཟླ8ཚེས3ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་བྱེད་སྒོ་རབ་དང་རིམ་པ། ལམ་ཡིག་ཡོད་པའི་རླངས་འཁོར་འཇོག་སའི་ཁུལ་ནི། མཚོ་བྱང་ཁུལ་ལས་ཞོར་སློབ་གྲྭའི་ཁ་གཏད་དང་ལུས་རྩལ་ར་བའི་ཤར་འགྲམ་གྱི་ལམ་དུམ། ལུས་རྩལ་ར་བའི་ནུབ་བྱང་ཟུར་གྱི་ཁ་གཏད་དང་ལུས་རྩལ་ར་བའི་ལྷོ་ནུབ་ཟུར་གྱི་ཁ་གཏད་བཅས་དང་། དེའི་རིང་རླངས་འཁོར་ཚོགས་རར་སྐྱོད་པའི་ལམ་ཐིག་ནི་ཕྱོགས་རྐྱང་པའི་གླིང་ཕྲན་སྐོར་བའི་ལམ་ཐིག་ཡིན་པ་དང་། ཁ་ཕྱོགས་ནི་ནུབ་ནས་ཤར་སྐོར་གླིང་ཕྲན་དུ་སྐྱོད་དགོས། སྤྱི་ཚོགས་ཀྱི་རླངས་འཁོར་འཇོག་པའི་ས་ཁོངས་ནི། ཞི་བདེ་ལམ་ནི་གནས་སྐབས་ཀྱི་གཞོགས་གཅིག་གི་རླངས་འཁོར་འཇོག་སའི་ས་ཁོངས་དང་། མ་རྡུལ་ལམ་དང་ལུས་རྩལ་སྲང་ལམ་གྱི་ནུབ་འགྲམ་ནི་གཞོགས་གཅིག་གི་གནས་སྐབས་རླངས་འཁོར་འཇོག་སའི་ས་ཁོངས་ཡིན། ལྔ་གཅིག་ལམ་ནི་གནས་སྐབས་ཕྱོགས་གཉིས་ཀྱི་རླངས་འཁོར་འཇོག་སའི་ས་ཁོངས་ཡིན་ལ། མ་རྡུལ་ལམ་དང་ཞི་བདེའི་ལམ་གྱི་ཏིང(丁)ཡིག་ལམ་གྱི་ནུབ་འགྲམ་ནས་མ་རྡུལ་ལམ་དང315ལམ་ཐིག་ནི་ཕྱོགས་གཉིས་ཀྱི་གནས་སྐབས་རླངས་འཁོར་འཇོག་སའི་ས་ཁོངས་ཡིན། 

(གསུམ།) ཟླ8ཚེས3ཉིན་གྱི་དགོང་མོར“ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན”བྱེད་སྒོའི་སྐབས་ཀྱི་རླངས་འཁོར་འཇོག་ས་ནི། མདོ་ལའི་ལམ་དུམ་ཧྲིལ་པོ(གཞོགས་གཅིག་ཏུ་རླངས་འཁོར་འཇོག་པ)དང་། ནུབ་མཚོ་སྲང་ལམ་དང་རྐང་ཚ་ལམ་གྱི་ཤར་འགྲམ་ནས་ནུབ་མཚོ་སྲང་ལམ་དང་དམག་དཔོན་ལམ་གྱི་ནུབ་འགྲམ། ནུབ་མཚོ་སྲང་ལམ་དང་གཞོན་ནུའི་སྲང་ལམ་ཤར་འགྲམ་ནས་ནུབ་མཚོ་སྲང་ལམ་དང་འཇུ་ལག་ལམ་གྱི་ནུབ་འགྲམ། འགྲིམ་འགྲུལ་སྲང་ལམ་གྱི་ལམ་དུམ་ཧྲིལ་བོ(གཞོགས་གཅིག་ཏུ་རླངས་འཁོར་འཇོག་པ)། འཇུ་ལག་ལམ་དང་མདོ་ལའི་ལམ་གྱི་ལྷོ་འགྲམ་ནས་འཇུ་ལག་ལམ་དང་མ་རྡུལ་ལམ(གཞོགས་གཉིས་སུ་རླངས་འཁོར་འཇོག་པ)བཅས་ཡིན།

གསུམ།  ཕྱིར་སྐྱོད་ཀྱི་གྲོས་གཞི། 

ནུབ་མཚོ་གྲོང་རྡལ་ཁུལ་གྱི་རླངས་འཁོར་འཇོག་པའི་ཐོན་ཁུངས་ལ་ཚད་ཡོད་པས། ཁྱེད་ཀྱི་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད། “མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ”སྤེལ་ཡུལ་དུ་སྐྱོད་མཁན་རྒྱ་ཆེའི་མང་ཚོགས་སྤྱི་པའི་འགྲིམ་འགྲུལ་ལ་འདུག་པ་ལས། ཅི་ནུས་ཀྱིས་སྒེར་འཁོར་བཏང་ནས་ཕྱིར་མི་སྐྱོད་རྒྱུ་གལ། སྒེར་འཁོར་གཏོང་མཁན་གྱིས་རང་འགུལ་ངང་གཏན་འཁེལ་ས་ཁོངས་སུ་འཇོག་དགོས་པ་དང་། རླངས་འཁོར་ནང་དངོས་རྫས་རྩ་ཆེན་འཇོག་མི་རུང་། རླངས་འཁོར་ནས་ཁ་བྲལ་སྐབས་རང་རྟོགས་ཀྱིས་རླངས་འཁོར་གྱི་སྒོ་དང་སྒེའུ་ཁུང་རྒྱག་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ཕན་ཚུན་བརྒྱུད་བསྒྲགས་བྱེད་པ་དང་། རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་དང་དོ་དམ་བྱེད་ཐབས་ལ་བརྩི་སྲུང་ཞུ་བ། བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་བྱེད་པ། ས་གནས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་རླངས་འཁོར་འཇོག་པའི་སྣེ་ཁྲིད་མཁན་གྱི་བཀོད་འདོམས་དང་ལེན་བྱེད་པ། རླངས་འཁོར་ཕྱིར་འགྱངས་ནས་སྐྱོད་སྐབས་རིམ་པ་བཞིན་གྲལ་བསྒྲིགས་ནས་སྒུག་དགོས། 

                                  མཚོ་བྱང་ཁུལ་སྤྱི་བདེ་ཅུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས།

2023ལོའི་ཟླ7ཚེས26ཉིན།


མཉམ་སྤྱོད།